国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

དཀར་མཛེས་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས (སྤྱི་ཁྱབ་ ཚོང་ཚོགས) ཀྱི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་འཚོགས།

སྤྱི་ཟླ11པའི་ཚེས4ཉིན། དཀར་མཛེས་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས)ཀྱི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་འགོ་བཙུགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་འགོ་འཛུགས་མཛད་སྒོར་ཞུགས་ཤིང་གསུང་བཤད་གནང་། ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་ཚན་ཁག་གི་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅིང་ལིན་ཚོགས་འདུར་ཞུགས་ཤིང་བཀྲ་ཤིས་རྟེན་འབྲེལ་ཞུས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་བཅས་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཡིའུ་ཞང་ཧྥེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཀྲའོ་པོ་ཡིས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་མཛད་ནས་ཚོགས་ཆེན་འཚོག་པར་སྤྲོ་སེམས་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། ཚོགས་ཞུགས་འཐུས་མི་ཡོངས་དང་དེ་བཞིན་ཁུལ་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་དང་རྒྱ་ཆེ་བའི་དམངས་གཉེར་དཔལ་འབྱོར་མི་སྣར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་དང་། དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད། འདས་ཟིན་པའི་ལོ་ལྔར་ཁུལ་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀར་ཁས་ལེན་གང་ལེགས་གནང་བ་རེད།

ཁོང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་ཤུགས་སྣོན་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། དཀར་མཛེས་ཁུལ་གྱིས་བབ་བསྟུན་མདུན་སྐྱོད་དང་རྗེས་སྙེག་མཆོང་བརྒལ་གྱི་གནད་འགག་གི་དུས་རིམ་ཡང་ཡིན་པས་ཁུལ་ཡོངས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དམངས་གཉེར་དཔལ་འབྱོར་མི་སྣས་ད་ཐེངས་ཀྱི་ཚོགས་ཆེན་འགོ་འཛུགས་སར་བྱས་ཏེ་གོ་སྐབས་དམ་འཛིན་དང་འབད་བརྩོན་ཆེན་པོས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ལ་སྐུལ་བའི་ཁྲོད་བྱས་རྗེས་དེ་བས་ཆེ་བ་འདོན་པ་དང་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཀྲའོ་པོ་ཡིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཤུགས་ཡོད་རྒུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་བཅད་དེ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁྲི་དེ་བས་ལེགས་པར་བསྒྲུབ་རྒྱུར་ཆ་རྐྱེན་དེ་བས་ཡག་པོ་བསྐྲུན་དགོས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་སྐབས་གསར་པས་རང་རྟོགས་ངང་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་ཏེ་རྩ་འཛུགས་ཀྱི་གྲུབ་སྒྲིག་སྔར་བས་འཐུས་ཚང་དང་། དོ་དམ་ལམ་ལུགས་འཐུས་ཚང་། འཁོར་སྐྱོད་ལམ་སྲོལ་ཚད་ལྡན་དུ་གཏོང་བ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་ཨུ་བློ་བདེ་བ་དང་། ཁེ་ལས་ཀྱི་ཡིད་ཆེས་འཐོབ་པ། སྤྱི་ཚོགས་ཀྱིས་ཁས་ལེན་པ་བཅས་ཀྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་ཤིག་བསྐྲུན་དགོས་ཞེས་ནན་གྱིས་གསུངས།།

( ལྷ་འཛོམས་ཀྱིས་བསྒྱུར།)