国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

གསར་འགྱུར་གནད་བསྡུས།

■ ཉེ་ཆར། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་སོ་ལྔ་པ་དར་མདོར་འཚོགས་ཤིང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི32ཚོགས་འདུར་ཞུགས་ཡོད། ཚོགས་འདུར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》གཅིག་བསྡུས་ཀྱིས་སློབ་སྦྱོང་བྱས་པ་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ཉེར་དགུ་པའི་སྙིང་དོན་བརྒྱུད་སྦྱངས་བྱས་པ་རེད།།

■ སྤྱི་ཟླ11པའི་ཚེས6ཉིན། ཁུལ་སྲིད་གྲོས་ཏང་ཚན་ཁག་གིས(རྒྱས་འཛོམས)གྲོས་ཚོགས་ཐེངས39པ་འཚོགས་པ་དང་། ཁུལ་སྲིད་གྲོས་ཏང་ཚན་ཁག་དང་ལས་ཁུངས་ཏང་ཚན་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི2026ལོ་འཁོར་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང(རྒྱས་འཛོམས)གྲོས་ཚོགས་ཐེངས7པ་རྒྱུན་མཐུད་ངང་འཚོགས་པ་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སློབ་སྦྱོང་དང་། རྒྱལ་ཡོངས་སྲིད་གྲོས་ཏང་ཚན་ཁག་དང་ཞིང་ཆེན་སྲིད་གྲོས་ཏང་ཚན་ཁག་གི(རྒྱས་འཛོམས)གྲོས་ཚོགས་དང་། ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང(རྒྱས་འཛོམས)གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་སྦྱངས་དང་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཚན་ཁག་གི་ཧྲུའུ་ཅི་ཝང་ཡུས་ཆུང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)