国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

རང་ཁུལ་གྱིས་སི་ཁྲོན་རྐང་གྲུག་མཉམ་འགྲན་དུ་ ཞུགས་པར་གྲ་སྒྲིག་ཚགས་ཚུད་པོ་བྱས་ཡོད།

སྤྱི་ཟླ11པའི་ཚེས4ཉིན། 2026ལོ་ནས2027ལོའི་སི་ཁྲོན་ཞིང་ཆེན་གྲོང་ཁྱེར་རྐང་གྲུག་མཉམ་འགྲན་འགྲན་སྡུར(གཤམ་དུ“སི་ཁྲོན་རྐང་གྲུག་མཉམ་འགྲན”སྐབས་གཉིས་པ་ཞེས་བསྡུ་རྒྱུ)དཀར་མཛེས་ཁུལ་གྱི་རུ་མི་རྣམས་ས་གནས་སོ་སོ་ནས་གཅིག་རྗེས་གཉིས་མཐུད་ངང་ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཁུལ་དུ་འབྱོར་བ་དང་། སི་ཁྲོན་ཞིང་ཆེན་ཀྲི་ཞང་ལས་རིགས་ལག་རྩལ་སློབ་གྲྭར་བཅའ་སྡོད་བྱས་ཏེ་དུས་ཡུན་ཟླ་གཅིག་རིང་གི་གཅིག་བསྡུས་བཀག་སྡོམ་མཉམ་སྦྱོང་བྱེད་འགོ་བཙུགས།

ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་ཀྲི་ཞང་ལས་རིགས་ལག་རྩལ་སློབ་གྲྭར་ལེ་ལག་ཚང་བའི་སྒྲིག་བཀོད་དང་ཚད་ལྡན་ཅན་གྱི་གྲུག་ཐང་། ཟ་ཁང་དང་སྡོད་ཁང་ཚང་མ་ཡོད་པ་རེད། སློབ་གྲྭས་ཕྱེད་སྡོམ་རྣམ་པའི་དོ་དམ་ལག་ལེན་བསྟར་རྒྱུ་ཡིན་པ་དང་ཁོར་ཡུག་ལྷིང་འཇགས་དང་སྒྲིག་ལམ་ཚད་ལྡན་ཡིན་པས། ཕྱི་རོལ་གྱི་འགལ་རྐྱེན་མེད་ལ་རུ་མི་ཚོས་ལུས་སེམས་གཅིག་སྒྲིལ་གྱིས་སྦྱོང་བརྡར་བྱེད་པར་ཁོར་ཡུག་གི་རྨང་གཞི་ལེགས་པོ་འཛོམས། མཉམ་སྦྱོང་བྱེད་རིང་ཚོགས་པས་སློབ་གྲྭའི་དོ་དམ་ལམ་ལུགས་དང་དཔུང་ཁག་གི་སྒྲིག་ཁྲིམས་ཚད་གཞི་དོན་འཁྱོལ་ནན་པོ་བྱས་ཏེ་རུ་མིའི་ཟས་འདུག་སྤྱོད་གསུམ་དང་སྦྱོང་བརྡར་སོགས་བརྒྱུད་རིམ་ཧྲིལ་པོ་ཞིབ་ཚགས་ཚད་ལྡན་དུ་བཏང་ནས་སྦྱོང་བརྡར་གྱི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱ་རྒྱུ་རེད། གླེང་རིན་ཡོད་པ་ཞིག་ལ། ཐེངས་འདིའི་མཉམ་སྦྱོང་ནང་ཞུགས་མཁན་རུ་མི49ཚང་མ་དཀར་མཛེས་ཁུལ་གྱི་ཡིན། དེའི་ཁྲོད་དུ་ཁུལ་ནང་དུ་ལས་ཀ་བྱེད་མཁན་གྱི་ལས་ཐོག་ལས་བཟོ་བ་དང་སློབ་གྲྭར་ཡོད་པའི་སློབ་མ། གཞི་རིམ་རྐང་གྲུག་དགའ་མོས་མཁན། ཡུལ་གཞན་དུ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཡང་ཡོད་པ་རེད།

དཀར་མཛེས་ལས་རིགས་སློབ་གླིང་གི་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་རྣམ་རྒྱལ་རྡོ་རྗེ་ཡིས་ང་ཁ་སང་ལྕགས་ཟམ་རྫོང་ནས་ཡོང་བ་ཡིན། དེ་རིང་ཉིན་དང་པོར་འབྱོར་ཐོ་བཀོད་དེ་སྦྱོང་ཁྲིད་པ་དང་མཉམ་དུ་ལུས་རྩལ་སྦྱོང་བརྡར་བྱས་པ་ཡིན། སྐབས་གོང་མའི་སི་ཁྲོན་རྐང་གྲུག་མཉམ་འགྲན་ནང་དུ་ཞུགས་མྱོང་ཡོད། ད་ལོར་ང་ཚོ་ཚང་མས་ཧུར་བརྩོན་བྱས་ཏེ་གྲུབ་འབྲས་བཟང་པོ་རག་རྒྱུའི་རེ་བ་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། རྐང་གྲུག་རུ་ཁག་གིས་འབྱོར་ཐོ་བཀོད་རྗེས་ཚད་ལྡན་སྦྱོང་བརྡར་བྱེད་འགོ་བཙུགས་པ་དང་། རྩལ་ཁྲིད་པས་རུ་མིའི་གནས་ཚུལ་ལ་གཞིགས་ནས་སྦྱོང་བརྡར་ལེགས་པོར་བྱས་ཏེ་སི་ཁྲོན་རྐང་གྲུག་མཉམ་འགྲན་ལ་གྲ་སྒྲིག་ལེགས་པོ་བྱ་རྒྱུ་རེད་དོ།།

( རྟ་མགྲིན་རྡོ་རྗེས་བསྒྱུར།)