国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

《ལི་ཆུ་སྔོན་མོ》འདོན་ཐེངས་གཉིས་པའི་འགྲེམ་སྤེལ་མཛད་སྒོ་སྤེལ།

ཉེ་ཆར། སྲིད་གྲོས་ལི་ཐང་རྫོང་ཨུ་ཡོན་ལྷན་ཁང་དང་ལི་ཐང་རྫོང་ཨུ་དྲིལ་སྒྲོག་པུའུ། ལི་ཐང་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ལི་ཐང་རྫོང་དཔེ་མཛོད་ཁང་། ལི་ཐང་རྫོང་རྩོམ་པ་པོ་མཐུན་ཚོགས་བཅས་ཀྱིས་ལི་ཐང་རྫོང་གི་རྩོམ་རིག་ལོ་དེབ《ལི་ཆུ་སྔོན་མོ》སྤྱིའི་འདོན་ཐེངས་གཉིས་པའི་འགྲེམ་སྤེལ་མཛད་སྒོ་དེ་ལི་ཐང་རྫོང་ཐོག་ཏུ་སྤེལ།

ཐེངས་འདིར་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་དང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་གཙོར་བྱས་པའི་ཚོགས་ཞུགས་མི་སྣ་བཞི་བཅུ་ཙམ་འཛོམས་ཤིང་། ཚོགས་འདུར་མགོ་ཁྲིད་ཀྱིས་གྲོས་འགོ་བཏོན་པ་དང་རྩོམ་སྒྲིག་པས་རེ་འདུན་ཞུས་པ། རྩོམ་པ་པོས་གསར་རྩོམ་གྱི་མྱོང་ཚོར་གླེང་བ། ཚོགས་ཞུགས་མི་སྣས་དུས་དེབ་སྟེང་བཀོད་པའི་སྙན་ངག་གྱེར་འདོན་བྱེད་པ། དེ་མིན་འབྲེལ་ཡོད་ལས་ཁུངས་ལ་དུས་དེབ་སྐྱེས་སུ་ཕུལ་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།

རྩོམ་རིག་ལོ་དེབ《ལི་ཆུ་སྔོན་མོ》ནི་ལི་ཐང་རྫོང་ཨུ་དྲིལ་སྒྲོག་པུའུ་ཡིས་གཙོ་གཉེར་དང་། ལི་ཐང་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྒྲིག་བྱས་པ་ཞིག་ཡིན་ལ། རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔར་མ་ཡོད་ཅིང་། ལི་ཐང་རྫོང་གཙོར་བྱས་པའི་རྒྱལ་ཡོངས་ལ་ཁ་གཏད་ནས་བརྩམས་ཆོས་བསྡུས་ཏེ་སྒྲིག་བཞིན་ཡོད།།

(ཨོ་རྒྱན་གྱིས་བསྒྱུར།)