国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

དཀར་མཛེས་ཁུལ་གྱི་སྒོ་འགྲམ་གསར་བརྗེའི་རྗེས་ཤུལ་ལས་དམར་དམག་རྒྱང་སྐྱོད་ལོ་རྒྱུས་བསྐྱར་དུ་དྲན།

གདོང་གངས་རི། གདོང་གངས་རི་ནི་རོང་བྲག་རྫོང་གི་བལ་རི་ཡུལ་ཤོག་(ད་ལྟ་མདའ་མདོ་གྲོང་རྡལ་གྱི་ཁོངས་སུ་བཙུད་ཡོད)ཏུ་གནས་ཤིང་། རི་རྩེའི་མཚོ་འཕགས་སྨི5470ཡོད་ཅིང་དམར་དམག་རྒྱང་སྐྱོད་ལམ་དུ་བརྒལ་བའི་གངས་རི་ཆེས་མཐོ་ཤོས་ཡིན། 1936ལོའི་ཟླ་བ2པའི་ཟླ་མཇུག་ལ། དམར་དམག་འབུམ་ཤོག་བཞི་པ་གདོང་གངས་རི་བརྒལ་ནས་ནུབ་ཁམས་བྱང་རྒྱུད་དུ་བསྐྱོད། གདོང་གངས་རིར་གངས་རྒན་ཆགས་ཤིང་གསོ་རླུང་དཀོན་པས་དེ་རུ་དམར་དམག་མང་པོ་རྐྱེན་ལམ་དུ་ཤོར་ཡོད།

རྟའུ་རྫོང་མཁར། 1936ལོའི་ཟླ་བ2པའི་ཟླ་མཇུག་ལ། ལིའུ་པའོ་ཁྲེན་གྱིས་དམར་དམག་འབུམ་ཤོག30པའི་སྣེ་ཁྲིད་དེ་ཟླ་བ2པའི་ཟླ་མཇུག་ལ་གདོང་གངས་རི་བརྒལ་ནས་རྟའུ་རྫོང་དུ་བསྐྱོད། ཚེས28ཉིན་ལ་རྟའུ་སླེབས་ཤིང་། ཟླ་བ3པའི་ཚེས་གཅིག་ཉིན་ལ་ཉི་མཚོ་དགོན་པ་བཟུང་ཡོད།

རྟའུ་རྫོང་བོད་པ་སྲིད་གཞུང་གི་གནས་ཤུལ། གནས་ཤུལ་དེ་རྟའུ་རྫོང་མཐུན་སྒྲིལ་ཁྲོམ་ལམ་ཨང22པ་ནས་འཛུགས་སྐྲུན་ཁྲོམ་ལམ་ཨང26པའི་བར་ལ་ཆགས་ཡོད། 1936ལོའི་ཟླ་བ3པའི་ཟླ་མཇུག་ལ། རྟའུ་རྫོང་གིས་བོད་པ་གཡུ་སྡེ་བ་སྤྱི་མཐུན་རྒྱལ་ཁབ་རྟའུ་རྫོང་རང་ཚུགས་སྲིད་གཞུང་བཙུགས་ཡོད། (དེ་སྔོན་གོ་མིན་ཏང་རྟའུ་སྲིད་གཞུང་གི་རྙིང་ཤུལ།)དམར་དམག་འབུམ་ཤོག་བཞི་པའི་འབུམ་ཤོག31པའི་འབུམ་དཔོན་ཝང་ཧྲུའུ་ཧྲེན་གྱིས་བོད་པ་གཡུ་སྡེ་བ་སྤྱི་མཐུན་རྒྱལ་ཁབ་རྟའུ་རྫོང་རང་ཚུགས་སྲིད་གཞུང་བཙུགས་པ་ཁྱབ་སྒྲོག་གནང་།

དམར་དམག་འབུམ་ཤོག་བཞི་པའི་སྤྱི་ཁྱབ་ཁང་རྟའུ་ཡི་རྙིང་ཤུལ། རྟའུ་རྫོང་ཉི་མཚོ་དགོན་པའི་ཁྲོམ་ལམ་ཨང36པར་གནས་ཡོད། 1936ལོའི་ཟླ་བ3པའི་ཚེས2ཉིན་ལ་དམར་དམག་གིས་རྟའུ་རྫོང་ཉི་མཚོ་དགོན་པ་བཟུང་ཡོད། ཟླ་བ3པའི་ཚེས15ཉིན་ལ་དམར་དམག་གི་སྤྱི་ཁྱབ་ཁང་སོགས་ལས་ཁུངས་དང་མགོ་ཁྲིད་པ་སྔ་ཕྱིར་རྟའུ་རུ་སླེབས་པ་དང་། སྤྱི་ཁྱབ་ཁང་ཉི་མཚོ་དགོན་དུ་བཙུགས་པ་རེད།

མཁར་རྫོང་ལའི་དམར་དམག་གི་འཐབ་འཛིང་རྙིང་ཤུལ། རྟའུ་རྫོང་གཤིས་ཆུ་གྲོང་རྡལ་ཏེ་ཉི་མཚོ་དགོན་གྱི་རྒྱབ་རི་ཧ་ལམ་སྨི800ཙམ་དུ་ཆགས་ཡོད། 1936ལོའི་ཟླ་བ2པའི་ཚེས28ཉིན་ལ། དམར་དམག་རོང་བྲག་ནས་རྟའུ་ཡི་ཁོངས་སུ་སྐྱོད་པ་དང་། དེའི་ཉིན་མཚན་མོའི་ཆུ་ཚོད11ཙམ་ལ། དམར་དམག་རྫོང་མཁར་དུ་ཞུགས་ཏེ་རྫོང་མཁར་གྱི་མཐོ་གནོན་བཙན་ས་སྟེ་རྒྱབ་རིའི་མཁར་རྫོང་བཟུང་ཡོད།

ཀྲུའུ་ཏེ་དང་ཁང་ཁེ་ཆིང་གི་རྟའུ་ཡི་བཞུགས་གནས་རྙིང་ཤུལ། རྙིང་ཤུལ་དེ་རྟའུ་རྫོང་གཤིས་ཆུ་གྲོང་རྡལ་ཆུ་ཁ་ཁྲོམ་ལམ་ཨང10པ་དང་ཨང12པར་ཡོད། 1936ལོའི་ཟླ་བ3པའི་ཟླ་སྟོད་ལ། བློ་མཐུན་ཀྲུའུ་ཏེ་དང་ཁང་ཁེ་ཆིང་དམར་དམག་འབུམ་ཤོག་བཞི་པའི་སྤྱི་ཁྱབ་ཁང་སོགས་ལས་ཁུངས་དང་མཉམ་དུ་རྟའུ་ལ་འབྱོར་ཞིང་། གནས་འདིར་བཞུགས་ཡོད།

དམར་དམག་འབུམ་ཤོག་བཞི་པའི་ཆབ་སྲིད་སྒར་གནས་དང་བློ་མཐུན་ཞུས་ཞང་ཆན་གྱི་བཞུགས་གནས་རྙིང་ཤུལ། རྙིང་ཤུལ་དེ་རྟའུ་རྫོང་གཤིས་ཆུ་གྲོང་རྡལ་མཐུན་སྒྲིལ་ཁྲོམ་ལམ་ཨང30པ་སྟེ་གྲོང་མཁར་སློབ་ཆུང་གི་སློབ་གྲྭའི་ནང་དུ་ཡོད། 1936ལོའི་ཟླ་བ2པའི་ཟླ་མཇུག་ལ། དམར་དམག་རྟའུ་རུ་བཅའ་སྡོད་བྱས། དམར་དམག་འབུམ་ཤོག་བཞི་པའི་ཆབ་སྲིད་ཁང་རྫོང་མཁར་གྱི་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་དུ་བཙུགས། བློ་མཐུན་ཞུས་ཞང་ཆན་གནས་འདིར་བཞུགས་ཡོད།