国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ལས་སྐལ་ལ་ བསམས་ནས་འཚོ།

བག་ཕེབས་འཚོ་བའི་ལས་ལ་སྣང་བ་ཆགས། །

བག་ཡོད་གཉུག་མའི་གཤིས་ཀ་ཡིད་དུ་འོང་། །

བག་ཕབ་ལས་སྐལ་འོག་ནས་ཚོར་བྱུང་རྒྱས། །

བག་མེད་སྤྱོད་ལམ་ཀུན་ལས་རིང་དུ་བཀྱེད། །

བག་ཕེབས་སེམས་ཀྱི་དྲན་པ་ལས་ལ་འབྲེལ། །

བག་ཡོད་འཚོ་བའི་ལས་དབང་སྙིང་ལ་འོང་། །

བག་ཕབ་སྙམ་བཞིན་གསོན་ཏེ་ལས་སྐལ་ནི། །

བག་མེད་ཆོས་ཚོགས་ཀུན་ལས་རིང་དུ་བྲལ། །

བག་ཕེབས་ཉིན་རེའི་སྤྱོད་པ་གཙང་མ་ལས། །

བག་ཡོད་ཚོར་བྱུང་རླབས་རིས་ཀུན་ཏུ་རྒྱས། །

བག་ཕབ་ནང་སེམས་གཏིང་དུ་ཉར་བ་ལས། །

བག་མེད་ལས་ལ་འབྲེལ་བའི་འཚོ་བ་དཀོན། །

བག་ཕེབས་བསམ་ནས་འཚོ་བའི་རྨི་ལམ་ནི། །

བག་ཡོད་ཚུལ་དང་མཐུན་ཞིང་ཤིན་ཏུ་མང་། །

བག་ཕབ་གནས་ན་ལས་སྐལ་མཐའ་མེད་པ། །

བག་མེད་འཚོ་བ་ཡོངས་དང་བར་ཐག་བྱུང་། །

བག་ཕེབས་འདུ་འཛོམས་དེ་རུ་སྐྱིད་པོ་ཡིན། །

བག་ཡོད་བདེ་བ་སྟེར་ནས་དགའ་བ་འཕེལ། །

བག་ཕབ་འཚོ་བའི་གཤིས་ལ་ཡིད་འོང་སྙམ། །

བག་མེད་ཚུལ་མིན་ལས་དང་རྒྱང་ཐག་རིང་། །

༼ ཁམས་འོད་གསལ། ༽