ལི་ཐང་གཟིམ་ཁང་གནའ་ཁྲོམ་ནི་ལི་ཐང་སྟོང་ཁྱིམ་བོད་གྲོང་གིAབཞི་རིམ་པའི་ལྗོངས་ཁུལ་གཙོ་བོ་དང་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་ཞིག་རེད། འདི་གར་གདོད་མའི་བོད་ཁང་ལ་གནའ་ཉམས་དོད་པ་དང་། རྟེན་རྫས་བཤམས་མཛོད་ཁང་ཆུང་གྲས་མང་པོ་བཙུགས་ནས་ས་གནས་དེ་གའི་ཞིང་འབྲོག་ཐོན་རྫས་འཚོང་ཞིང་། རྒྱུན་དུ་ལྷ་མོ་ཟློས་གར་དང་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་འཁྲབ་བྱས་ཏེ་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་པ་རེད།
ཁམས་པའི་རྟེན་མཛོད་ཁང་དུ་ས་གནས་དེ་གའི་མང་ཚོགས་ཀྱི་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པའི་པྲ་བརྙན་བཟོས་ཡོད་པ་སྟེ། ཕུ་ཐུང་ནང་ནས་ཚོང་སྒྲིག་ལུགས་དང་ཚོང་པའི་རྒྱ་མ། རྫ་ནག། གསོ་བ་རིག་པ། གཉེན་སྟོན། བཟའ་དཔོན་ཁང་པ། ཐབ་ཚང་། བང་མཛོད། འོ་མ་བཞོ་བ་སོགས་ས་གནས་དེ་གའི་དམངས་སྲོལ་རིག་གནས་ཀྱིས་ཡོངས་སུ་ཕྱུག་ཡོད།།
( ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།)
