ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། སྤྱི་ཟླ11པའི་ཚེས10ཉིན་གྱི་ཕྱི་དྲོར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་སེང་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རྒྱུན་གཏན་ལས་དོན་ལས་བགོས་འགན་འཁུར་མཁན་སློབ་གཙོ་གཞོན་པ(གླིང་གཙོ་གཞོན་པ)ཞེ་ཁྲུན་ཐའོ་ཡིས་སྒྲོག་འགྲེལ་སྙན་སེང་ཞུས་པ་རེད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧྲི་ཞའོ་ལིན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐན་ཞང་ལི་སྙན་སེང་ཚོགས་འདུར་ཞུགས་ཡོད། སྙན་སེང་ཚོགས་འདུར་ཞེ་ཁྲུན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》སློབ་སྦྱོང་དང་ལག་ལེན་བསྟར་རྒྱུར་དམ་པོར་དམིགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་གཞི་རྩའི་གནས་ཚུལ་སྙིང་བསྡུས་ངོ་སྤྲོད་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོར་བསྐྱངས་པར་ཐོབ་པའི་གྲུབ་འབྲས་བཟང་པོ་རྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས། ཞི་ཅིན་ཕིང་གི་ཏང་སྐྱོང་དགོངས་པའི་མཛུབ་ཁྲིད་དོན་སྙིང་གལ་ཆེན་རྒྱས་བཤད་ཡང་དག་པ་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་བའི་གལ་ཆེན་རང་བཞིན་དང་། ཁ་ཚ་དགོས་གཏུག་རང་བཞིན། མཛུབ་ཁྲིད་བསམ་བློ་དང་རྩ་དོན། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་སོགས་ལ་གསལ་འགྲེལ་ཡང་དག་པ་བརྒྱབ་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དོན་ལ་འཁྱོལ་བའི་ཐད་ངོས་འཛིན་དང་མྱོང་ཚོར་གསུངས་པ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པའི་གནད་འགག་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་གྲོས་ཚོགས་ཤིག་རེད་ཅེས་གསུངས།
ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་སི་ཁྲོན་དུ་སྒྲོག་འགྲེལ་ལ་ཡོང་བ་དེ་གོ་སྐབས་སུ་བྱས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སྦྱོང་སྒྲོག་ལག་ལེན་བསྟར་བར་སྔར་བས་དམ་འཛིན་ཡག་པོ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་སྲིད་ཇུས་གལ་ཆེན་དང་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལ་བརྟེན་ནས་སི་ཁྲོན་གྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལག་ལེན་ལ་དེ་བས་མཛུབ་ཁྲིད་ཡག་པོ་དང་བསྐུལ་དགོས། སློབ་སྦྱོང་ཐད་སྔར་བས་མཐར་ཕྱིན་པ་དང་སྦྱངས་ནས་གོ་བ་ཟབ་མོ་ལེན་གང་ཐུབ་བྱ་དགོས། དྲིལ་སྒྲོག་ཐད་སྔར་ལས་རྒྱ་ཆེ་ཞིང་མི་སེམས་སུ་འཇགས་གང་ཐུབ་བྱ་དགོས། ལག་ལེན་མཐར་ཕྱིན་བསྟར་བའི་ཐད་སྔར་ལས་ཤུགས་ཆེ་ཞིང་ཕན་ནུས་ཐོན་གང་ཐུབ་བྱ་དགོས། དུས་མཉམ་དུ་མིག་སྔའི་ལས་དོན་ལེགས་པར་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཤུགས་ཡོད་རྒུས་ལོ་འཁོར་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་དང་ལས་འགན་སྒྲུབ་ཐུབ་བྱས་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ཡི་འགོ་ཡག་པོ་བརྩམ་པར་བརྩོན་དགོས།
སྙན་སེང་ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་གྲོང་ཁྱེར(ཁང་)དང་རྫོང་(གྲོང་ཁྱེར་དང་ཆུས)ཁག་ལ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
