སྤྱི་ཟླ11པའི་ཚེས10ཉིན། 2026ལོའི་དཀར་མཛེས་ཁུལ་གྱི་ཞིང་དཔོན་དང་ནགས་དཔོན་ལམ་ལུགས་དང་ཁུལ་སྤྱི་ཁྱབ་ཆུ་དཔོན་གྱི་ཚང་འཛོམས་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་ལ་ནན་ཏན་འཁྱོལ་བ། ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ། བྱེད་ཐབས་བཙན་པོ་བཅས་རྒྱུན་འཁྱོངས་ཤིང་། ཞིང་ནགས་ཆུ་གསུམ་བཅོས་སྐྱོང་གི་སྤུས་འབྲས་ཆེ་རུ་གཏོང་བ་སྤྱི་འདོམས་བྱེད་ཅིང་། རྨ་འབྲི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་ཏན་ཏིག་བསྐྲུན་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་ལྗང་མདོག་གཞི་རྩ་བརྟན་དུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ལིན་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུར2026ལོའི་ཞིང་ཆེན་གྱི་ཞིང་དཔོན་དང་ནགས་དཔོན་ལམ་ལུགས་དང་དེ་བཞིན་ཞིང་ཆེན་སྤྱི་ཁྱབ་ཆུ་དཔོན་གྱི་ཚང་འཛོམས་གྲོས་ཚོགས་སྙིང་དོན་བརྒྱུད་སྦྱངས་དང་། 《2026ལོའི་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་ལག་ལེན་བསྟར་ཚུལ་ལ་ལྐོག་ཏུ་བཅར་འདྲི་བྱས་ནས་དཔེ་མཚོན་གནད་དོན་ཤེས་རྟོགས་བྱུང་བའི་ཆེད་དོན་གློག་བརྙན》གཅིག་བསྡུས་ཐོག་བལྟས་པ་དང་། ཁུལ་ཡོངས་ཀྱི་ཞིང་དཔོན་དང་ནགས་དཔོན། ཆུ་དཔོན་ལམ་ལུགས་བཅས་ཀྱི་ལས་དོན་སྤེལ་ཚུལ་དང་། ཡུན་རིང་གི་གཞི་རྩའི་རྨོན་ཞིང་སྲུང་སྐྱོང་། “ཐེན་ཧྥུའུ་ནགས་མཛོད་བཞི”འཛུགས་སྐྲུན། གཙོ་གནད་ཆུ་བེད་ལས་གྲྭ་འཛུགས་སྐྲུན་སོགས་ལས་ཀ་སྤེལ་ཚུལ་ལ་ཉན་འཇོག་བྱས་པ་དང་། སླད་ཕྱིན་ལས་ཀ་ཡག་མོ་བསྒྲུབ་རྒྱུར་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུར་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་རི་ཆུ་ནགས་ཚལ། ཞིང་ཁ། མཚེའུ། བྱེ་རྩྭ་བཅས་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པའི་ཐད་བཀོད་སྒྲིག་གལ་ཆེན་ཐེངས་མང་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ཞིང་སྲུང་དང་། ནགས་རྒྱས། ཆུ་བཅོས་བཅས་ལ་མཐུན་སྦྱོར་ངང་སྐུལ་བའི་འགན་འཁྲིའི་མ་ལག་བཙུགས་ནས་ང་ཚོས་ཞིང་དཔོན་ལམ་ལུགས་དང་། ནགས་དཔོན་ལམ་ལུགས། ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་བཅས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བར་རྩ་བའི་བསྲུང་བྱ་སྤྲད་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་རྨ་འབྲི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཁུར་ནས་ཕྱོགས་བསྡུས་བཅོས་སྐྱོང་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་། འབྱུང་རྩ་བཅོས་སྐྱོང་བཅས་རྒྱུན་འཁྱོངས་ཏེ་ས་ཞིང་སྲུང་རྨོ་སྐྱོང་དང་། ནགས་སྲུང་ལྗང་སྤེལ། ཆུ་སྲུང་མཚེའུ་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་བསྐུལ་ཏེ་ཆུ་ཚད་མཐོན་པོའི་ཐོག་ནས་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་གཞི་རྩ་སྲུང་སྐྱོང་ཡག་པོ་བྱ་དགོས།
ཚོགས་འདུར་ནན་པོར་བསྟན་དོན། རྨོན་ཞིང་སྲུང་སྐྱོང་དང་ཐོན་སྐྱེད་བརྟན་པོའི་ཁྲོད་འབྲུ་རིགས་ཉེན་མེད་འགན་ལེན་བྱ་དགོས། ནགས་དར་དམངས་ཕྱུག་ཁྲོད་སྐྱེ་ཁམས་ཀྱི་རྨང་གཞི་གདིང་དགོས། ཆུ་བཅོས་དང་ཕུགས་གཙང་ཁྲོད་དུ་ནམ་ཡང་ཆུ་བོ་དྭངས་ཤིང་གཙང་བ་བྱ་དགོས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་མགྱོགས་སུ་བསྐུལ་ཏེ། ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་སྒྱུར་ཤུགས་ཆེ་རུ་གཏོང་ཞིང་། ཆུ་བོ་དང་མཚེའུ་ཡི་ཐོན་ཁུངས་དེ་སྐྱེ་ཁམས་བདེ་རྩར་དངོས་སུ་བསྒྱུར་དགོས།
ཚོགས་འདུར་ནན་པོར་བསྟན་དོན། ཞིང་དཔོན་དང་ནགས་དཔོན།ཆུ་དཔོན་ལམ་ལུགས་བཅས་ལ་ཁྱོན་ཡོངས་ནས་སྐུལ་བའི་འགག་རྩ་ནི་འགན་འཁྲི་དོན་ཐོག་འཁྱོལ་བ་དང་གོ་རིམ་ཆ་ཚང་བ་ཆགས་རྒྱུ་དེ་ཡིན། རིམ་ཁག་ཞིང་དཔོན་དང་ནགས་དཔོན། ཆུ་དཔོན་བཅས་ཀྱིས་འགན་འཁྲི་དང་པོའི་འགན་ནན་པོ་ཁུར་ནས་སྣེ་ཁྲིད་དེ་ལས་ཡུལ་དུ་བསྐྱོད་དེ་གནད་དོན་རྒྱུས་ལོན་དང་ཐག་གཅད་དགོས། རྫོང(གྲོང་ཁྱེར)ཁག་གིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་ཏན་ཏིག་ཏུ་གཏོང་བ། ལས་རིགས་སྡེ་ཚན་ཁག་གིས་རང་འགན་རང་འཁུར་དང་། མཐུན་སྦྱོར་ཤུགས་འདོན། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ནན་པོ་བཅས་བྱས་ཏེ་གཞི་གཅིག་ཏུ་བསྐུལ་ནས་ཞིང་ནགས་ཆུ་གསུམ་བཅོས་སྐྱོང་ལ་ཕན་འབྲས་དངོས་ཐོབ་པ་བྱ་དགོས།།( ལྷ་འཛོམས་ཀྱིས་བསྒྱུར།)
