国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་ཡིས་ཉག་ཆུ་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི། རྐང་དཔོན་ཀུའོ་ཞུས་ཡོན་དང་མཇལ་འཛོམས་གནང་།

སྤྱི་ཟླ11པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་དར་མདོར་ཉག་ཆུ་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ཏང་ཨུའི་ཧྲུའུ་ཅི། རྐང་དཔོན་ཀུའོ་ཞུས་ཡོན་བཅས་པ་དང་མཇལ་འཛོམས་གནང་བ་རེད།

མཇལ་འཛོམས་སུ་ཕྱོགས་གཉིས་པོས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། ཉག་ཆུ་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་གཉེར་སྐྱོང་འཕེལ་རྒྱས་གནས་ཚུལ་ཁག་ངོ་སྤྲོད་གནང་བ་དང་། ས་གནས་དང་ཁེ་ལས་ཀྱི་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་བ་དང་སྦག་མེད་ནུས་རྒྱུ་གསར་སྤེལ་མགྱོགས་སུ་གཏོང་བ། དཀར་མཛེས་ཁུལ་གྱི་ཆུ་དང་རླུང་། འོད་བཅས་གཞི་གཅིག་ཅན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བ་སོགས་ཀྱི་ཐད་བསམ་འཆར་བརྗེ་རེས་གང་ལེགས་བྱས་ནས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་བ་རེད།

ཁུལ་རིམ་པའི་མགོ་ཁྲིད་ལིའུ་ཅན་ཁྲའོ་དང་ཡོན་ཀང་། ཉག་ཆུ་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་མགོ་ཁྲིད་ཝང་ཅིན་གོ་དང་། ལི་ཆང་། ལི་མིང་ཁྲོན། ཉག་ཆུ་རྫོང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་ཉག་ཆུ་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་མཇལ་འཛོམས་སུ་ཞུགས་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)