国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཀྲའོ་པོ་ཡིས་ཚོ་ཆུང་ཁྲིད་དེ་རྒྱལ་ཁབ་དན་གྲངས་ཚོགས་པ་ ཚད་ཡོད་སྤྱི་གཉེར་ཁང་ལ་ལས་དོན་འབྲེལ་མཐུད་གནང་།

སྤྱི་ཟླ11པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོ་ཆུང་ཁྲིད་དེ་པེ་ཅིང་དུ་རྒྱལ་ཁབ་དན་གྲངས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་དུ་ལས་དོན་འབྲེལ་མཐུད་བྱེད་སར་ཕེབས་ནས་ཀྲུང་དབྱང་དང་ས་གནས་མཉམ་འགུལ་མཐུན་སྦྱོར་ཡང་དག་པ་དང་། ཨང་ཀིའི་དཀར་མཛེས་ཁུལ་མགྱོགས་པོར་འཛུགས་པ། དན་གྲངས་ཀྱི་གྲུབ་རྐྱེན་གཙོ་བོ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྦག་མེད་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་བ་བཅས་ཀྱི་ཐད་བཞུགས་མོལ་གནང་ཞིང་སྤེལ་རེས་བྱས་ནས་ངོས་འཛིན་གཅིག་མཐུན་བྱུང་བ་རེད།

རྒྱལ་ཁབ་དན་གྲངས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་གཞོན་པ། ཏང་ཚན་ཁག་གི་གྲུབ་མི་ཧུའུ་ཞའོ་བཞུགས་མོལ་ཚོགས་འདུར་ཕེབས། ཀྲའོ་པོ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་རྒྱལ་ཁབ་དན་གྲངས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གིས་དཀར་མཛེས་ཁུལ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་། ཁོང་གིས་ད་ལྟ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་རྒྱལ་ཁབ་ཀྱི་ཤར་གྱི་དན་གྲངས་ནུབ་ཏུ་རྩིས་པའི་འཐབ་ཇུས་གོ་སྐབས་དམ་དུ་འཛིན་ཅིང་། སྦག་མེད་ཐོན་ཁུངས་འདོན་སྤྲོད་བྱེད་གནས་གལ་ཆེན་འཛུགས་སྐྲུན་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་རྩོམ་པར་ཧུར་ཐག་སྐུལ་བཞིན་ཡོད། ( པར་ངོས་བཞི་པར་གཟིགས།)