国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

རང་ཁུལ་གྱིས་རྒྱལ་ཡོངས་ཧྲིལ་འཛུགས་ལུགས་ཀྱི་སྦག་མེད་སྐྱེ་ལྡན་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཚོད་ལྟ་ཁུལ་འཛུགས་པར་བརྩོན།

སྤྱི་ཟླ11པའི་ཚེས10ནས11ཉིན་བར། ཞིང་ཆེན་ཡོངས་ཀྱི་ཁྱད་ཡོན་ཐོན་ལས་ཀྱི་སྐྱེ་ཁམས་ར་བ་འཛུགས་ཤིང་ཐོན་ལས་འཁོར་སྐྱོད་གཙོ་བོ་སྟོབས་ཆེན་གཏོང་བའི་གསོ་སྦྱོང་འཛིན་གྲྭ་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དུ་གཉེར་བ་རེད། དུས་ཡུན་ཉིན་གཉིས་ཀྱི་བྱེད་སྒོར་ལས་སྒོའི་གསོ་སྦྱོང་སྤེལ་རེས་དང་ཐོན་ལས་སྦྲེལ་མཐུད་མཉམ་དུ་བྱས་ཏེ། “སྣེ་འདྲེན་ཁེ་ལས་གྲོང་ཁྱེར(ཁུལ)དུ་ཞུགས་པའི”དཀར་མཛེས་ས་ཚུགས་ཀྱི་འགོ་འཛུགས་མཛད་སྒོ་དུས་གཅིག་ཏུ་འཚོགས་ནས། སྲིད་གཞུང་དང་ཁེ་ལས། དངུལ་ཁང་། ཞིབ་འཇུག་སོགས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ཐབས་ལམ་གསར་པ་མཉམ་དུ་ཇུས་འགོད་བྱས་པ་རེད།

བསྡོམས་རྩིས་ལ་གཞིགས་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་ལ་དཀར་མཛེས་ཁུལ་གྱི་ཐོན་ལས་དང་པོའི་འཕར་ཐང་བརྒྱ་ཆ5.1ཡིན་ཞིང་ཞིང་ཆེན་ཡོངས་ཀྱི་ཨང2པ་ཡིན། ཞིང་སྡེ་གཞིས་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ6.6འཕར་ཞིང་ཞིང་ཆེན་ཡོངས་ཀྱི་ཨང4པ་ཡིན། ཁུལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར17.85ལ་ཟིན་པ་རེད།

སླད་ཕྱིན་རང་ཁུལ་གྱིས་བཟོ་སྣོན་ཞིབ་ཚགས་ཀྱི་གནད་ཐུག་སར་ས་ཁོངས་རང་བཞིན་གྱི་འཁྱག་འབྲེལ་ཟོང་འགྲུལ་སྡུད་འགྲེམ་ལྟེ་གནས་བཙུགས་ནས། ནོར་གནག་གི་ཤ་ཁྲག་རུས་འོ་དང་། ནས། མཐོ་སྒང་གི་ཤ་མོ་བཅས་ཀྱི་སྔོན་བཟོས་ཟས་རིགས་གསར་སྤེལ་གཏིང་ཤུགས་བསླངས་ཏེ2023ལོར་ནོར་གནག་བཟོ་སྣོན་ཞིབ་ཚགས་བྱེད་ཚད་བརྒྱ་ཆ30ཡན་བསླེབ་ཐུབ་པ་བྱ་དགོས། སྤུས་རྟགས་ཚོང་གཉེར་མ་ལག་ཡག་པོ་འཛུགས་པ་དང་། ལྷད་མེད་སྐྱེ་ལྡན་གྱི་དཀར་མཛེས་ཐོན་རྫས་སྤུས་རྟགས་ཡོད་པའི་ཁྱད་ཆོས་ཐོན་རྫས་རྐྱང་མའི་བསྡེབས་བསྒྲིགས་བཟོ་ཤུགས་ཆེ་རུ་བཏང་ནས་དྲྭ་ཐོག་དང་དྲྭ་ཕྱིའི་ཐོན་འཚོང་འབྲེལ་མཐུད་ཐབས་ལམ་བདེ་མོ་བཟོ་དགོས། ཞིང་པར་མཉམ་འབྲེལ་སྣེ་ཁྲིད་བྱེད་པའི་ཕྱོགས་འདུས་ཕན་ནུས་མུ་མཐུད་ཆེ་རུ་བཏང་ནས། འབྲོག་ལས་དུང་ཕྱུར་རིམ་པ་དང་། ཤིང་འབྲས་དང་ནགས་རྩྭ་དུང་ཕྱུར་ལྔ་བཅུ་རིམ་པ་དང་། ཐོན་ལས་ཞིབ་ཕྲ་དུང་ཕྱུར་བཅུ་དང་ལྔ་རིམ་པ་མང་པོ་ཡོད་པའི་ཁྱད་ཆོས་ཐོན་ལས་སྦྲེལ་ཐག་འཛུགས་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཡོངས་ཧྲིལ་འཛུགས་ལུགས་ཀྱི་སྦག་མེད་སྐྱེ་ལྡན་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཚོད་ལྟ་ཁུལ་འཛུགས་པར་བརྩོན་ལེན་བྱ་དགོས།།( བདེ་སྐྱིད་ཀྱིས་བསྒྱུར།)