国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

གོ་ལ་ཧྲིལ་པོའི་འཁོར་མདའ་ཆ་འགྲིག་ཉི་མའི་རྒྱང་ཤེལ་ཆེ་ཤོས་ཀྱི་ཆ་བསྒྲིགས་ ལས་གཞི་འདབ་པ་རྫོང་དུ་ལས་མཇུག་བསྒྲིལ་ནས་རྩིས་ལེན་བྱས།

17778_01B_20261111སྨི2.5ཅན་གྱི་མཐོང་ར་ཆེ་ཞིང་ཤན་འབྱེད་ཚད་མཐོ་བའི་ཉི་མའི་རྒྱང་ཤེལ་གྱི་ས་གནས་ཆ་བསྒྲིགས་ལས་གཞི་འཛུགས་སྐྲུན་བདེ་བླག་ངང་གྲུབ།

ཉེ་ཆར། གོ་ལ་ཧྲིལ་པོའི་འཁོར་མདའ་ཆ་འགྲིག་ཉི་མའི་རྒྱང་ཤེལ་ཆེ་ཤོས་ཏེ། སྨི2.5ཅན་གྱི་མཐོང་ར་ཆེ་ཞིང་ཤན་འབྱེད་ཚད་མཐོ་བའི་ཉི་མའི་རྒྱང་ཤེལ་གྱི་ས་གནས་ཀྱི་ཆ་བསྒྲིགས་ལས་གཞི་འཛུགས་སྐྲུན་ཐད་ནས་གཏམ་བཟང་ཐོས་པ་སྟེ། ལོ་གཅིག་ཙམ་འགག་སྒྲོལ་དཀའ་སེལ་བྱས་པར་བརྒྱུད་ལས་གཞི་དེ་སྤྱི་ཟླ10པའི་ཟླ་མཇུག་ཏུ་གན་བཞག་འཛུགས་སྐྲུན་གྱི་ནང་དོན་ཚང་མ་ལེགས་འགྲུབ་བྱུང་བ་དང་འབྲེལ་སྤྱི་ཟླ11པའི་ཚེས2ཉིན་ལ་བདེ་བླག་ངང་ལས་མཇུག་འགྲིལ་བ་དང་ཞིབ་བཤེར་རྩིས་ལེན་ཐུབ་ཡོད་ཅིང་།“རྒྱལ་ཁབ་ཀྱི་ལས་གཞི་འགངས་ཆེན”དེ་བེད་སྤྱོད་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཞི་དེ་དཀར་མཛེས་ཁུལ་འདབ་པ་རྫོང་གི་མིང་མེད་རི་བོའི་མཚོ་འཕགས་མཐོ་བའི་ལྟ་དཔྱད་ཚད་འཇལ་ཁུལ་དུ་གནས་པ་དང་དཀར་མཛེས་ཁུལ་འདབ་པ་མཚོ་འཕགས་མཐོ་བའི་གནམ་དཔྱད་ཚན་རིག་ལྟེ་གནས་ཀྱིས་སྣེ་ཁྲིད་དེ་ལག་ལེན་བསྟར་བ་ད་ང། ནན་ཅིང་སློབ་ཆེན་དང་ཡུན་ནན་གནམ་དཔྱད་ལས་ཁུངས་ཀྱིས་མཉམ་དུ་འཛུགས་སྐྲུན་ལས་འགན་ལ་སྐུལ་འདེད་བཏང་བ་རེད།

ལས་གཞི་དེར་ཁྱོན་མ་དངུལ་སྒོར་ཁྲི3593བཏང་བ་དང་། མ་དངུལ་གྱི་ཡོང་ཁུངས་གཙོ་བོ་ནི་ཞིང་ཆེན་གྱི་སྔོན་རྩིས་ནང་གི་རྩ་བའི་འཛུགས་སྐྲུན་གྱི་མ་དངུལ་ཡིན་པ་དང་། དཀར་མཛེས་ཁུལ་གྱིས་དུས་མཉམ་དུ་ཆེད་སྤྱོད་མ་དངུལ་སྒོར་ཁྲི160ཆ་བསྒྲིགས་པ་དང་། ས་བསྡུ་ལས་དོན་འགན་ལེན་བྱས་ཏེ་ལས་གཞི་བདེ་བླག་ངང་དོན་ལ་འཁྱོལ་ཐུབ་ཆེད་གྲུབ་རྐྱེན་མཁོ་སྤྲོད་འགན་སྲུང་ཡག་པོ་བྱས་ཡོད། ལས་གཞི་དེ་གཙོ་བོ་ལྟ་ཞིབ་ཚད་ལེན་གྱི་ཁང་པ་དང་ཞོར་གཏོགས་ཀྱི་ལེ་ལག་ཚང་བའི་ཁང་པ་བསྐྲུན་ནས། ཚན་ཞིབ་མི་སྣའི་གཞུང་དོན་ཁང་དང་སྒྲིག་ཆས་ཉར་ཚགས། ལྟ་ཞིབ་ཚད་ལེན་ལས་རེས་སོགས་ཀྱི་དགོས་མཁོ་སྐོང་བ་དང་མཚོ་འཕགས་མཐོ་བའི་དམིགས་བསལ་ཁོར་ཡུག་ལ་འཕྲོད་པའི་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་གནམ་དཔྱད་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་བསྐྲུན་ཡོད་པ་རེད།། ( ལྷ་འཛོམས་ཀྱིས་བསྒྱུར། )