གཞི་རིམ་གྱི་གནོད་འཚེའི་ཆ་འཕྲིན་པའི་དཔུང་ཁག་སྔར་བས་སྟོབས་ཆེར་གཏོང་བ་དང་། གནོད་འཚེའི་གནས་ཚུལ་བསྡོམས་རྩིས་དང་། དན་གྲངས་ཞུ་སྐྱེལ། གནོད་འཚེ་ཞིབ་བཤེར་སོགས་ཀྱི་ལས་སྒོའི་ཞན་ཆར་དམིགས་ནས་གནོད་འགོག་གནོད་བསྙུང་གནོད་སེལ་ལས་དོན་དོན་འཁྱོལ་ཏན་ཏིན་བྱ་ཆེད། ཞིང་ཆེན་དང་ཁུལ་གྱི་ལས་ཀའི་བླང་བྱ་གཞིར་བཟུང་སྟེ། ཉེ་ཆར། དཀར་མཛེས་རྫོང་གིས་གནོད་འཚེ་ཆ་འཕྲིན་པའི་ལས་སྒོའི་གསོ་སྦྱོང་དང་གཞི་རིམ་གནོད་འཚེའི་དན་གྲངས་ལས་སྒོའི་གསོ་སྦྱོང་འགྲན་སྡུར་སྤེལ། རྫོང་དེའི་ཡུལ་ཤོག་དང་གྲོང་རྡལ21ནས་ཡོང་བའི་གནོད་འཚེ་ཆ་འཕྲིན་པ་གསོ་སྦྱོང་ནང་ཞུགས་ཡོད།
ད་ཐེངས་ཀྱི་གསོ་སྦྱོང་ནི་རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེ་བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་དང་དཀར་མཛེས་ཁུལ་ཨུའི་ལས་རེས་ཆ་འཕྲིན་ཞུ་སྐྱེལ་ལས་དོན་གྱི་བླང་བྱ་སོགས་ནང་དོན་གཙོ་བོར་དམིགས་ཏེ། “གཞུང་ལུགས་སློབ་ཁྲིད་དང་། དངོས་སྦྱོང་སློབ་ཁྲིད། དངོས་སྦྱོང་འགྲན་སྡུར”བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་ནས་གཞི་རིམ་གྱི་གནོད་འཚེའི་ཆ་འཕྲིན་ཞུ་སྐྱེལ་ལས་དོན་གྱི་དོན་དངོས་ལ་དམིགས་ཏེ། རང་བྱུང་གནོད་འཚེའི་གནས་ཚུལ་བསྡོམས་རྩིས་ཞུ་སྐྱེལ་ཚད་ལྡན་དང་། གནོད་འཚེའི་མངོན་མེད་རྐྱེན་ངན་ཚགས་བཤེར། གནོད་འཚེའི་གནས་ཚུལ་ཞིབ་དཔྱད་ཚོད་དཔག། མ་ལག་ལས་སྟེགས་བཀོལ་སྤྱོད། གནོད་འཚེའི་རྩིས་ཐོ་བཟོ་བ། གནོད་འཚེ་སྙན་ཞུ་དང་གནོད་གཡོལ་ཐད་དོ་སྣང་བྱེད་སྟངས་ཀྱི་དོན་ཚན་སོགས་ནང་དོན་གཙོ་བོ་ཞིབ་ཚགས་ཀྱིས་འཆད་འགྲེལ་བྱས་པ་རེད། དུས་རྒྱུན་གྱི་གནོད་འཚེ་ཞུ་སྐྱེལ་ནོར་འཁྲུལ་འབྱུང་སླ་བའི་བར་ཚིགས་དང་དཔེ་མཚོན་གནད་དོན་ལ་དམིགས་ནས་དཔེ་མཚོན་དབྱེ་ཞིབ་བྱས་པ་དང་། སློབ་ཁྲིད་ཀྱི་ཡུལ་དངོས་སུ་དྲི་བ་དྲིས་ལན་བཀོད་པ། གསོ་སྦྱོང་དུ་ཞུགས་མཁན་ལ་ལས་སྒོའི་ཚད་གཞི་དང་བཀོལ་སྤྱོད་གོ་རིམ་ཡང་དག་པ་ཤེས་རྟོགས་ཐུབ་པར་མཛུབ་ཁྲིད་བྱས་ཡོད།
གཞུང་ལུགས་ཀྱི་གསོ་སྦྱོང་མཇུག་འགྲིལ་རྗེས། གཞི་རིམ་གནོད་འཚེའི་དན་གྲངས་ལས་སྒོའི་དངོས་སྦྱོང་འགྲན་སྡུར་སྤེལ་བ་རེད། འགྲན་སྡུར་ལ་དངོས་འཐབ་ཀྱི་ནུས་པ་ཐོབ་ཆེད། “སྦྱོང་བརྡར་ལ་བརྟེན་ནས་རྨང་གཞི་བརྟན་པོ་ཡོང་བ་དང་། འགྲན་སྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་བ། སྦྱོང་བརྡར་ལ་བརྟེན་ནས་འཇོན་ཐང་ཆེ་རུ་གཏོང་བ”བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། གནོད་འཚེའི་གནས་ཚུལ་གྱི་དན་གྲངས་ཐོ་འགོད་དང་། མངོན་མེད་རྐྱེན་ངན་དབྱེ་འབྱེད་ཚགས་བཤེར། ཆ་འཕྲིན་མྱུར་ཞུ་སོགས་དངོས་སྤྱོད་སློབ་ཚན་བཀོད་སྒྲིག་བྱས་ནས་གསོ་སྦྱོང་ནང་ཞུགས་མཁན་གྱི་གནོད་འཚེའི་གནས་ཚུལ་བསྡོམས་རྩིས་ལམ་ལུགས་དང་། ཆ་འཕྲིན་གོང་ཞུ་བརྒྱུད་རིམ། གནོད་འཚེའི་ཞིབ་བཤེར་དང་གནོད་འཚེའི་སྙན་སེང་ཚད་ལྡན་ཡིན་མིན་ཐད་ཕྱོགས་ཡོངས་ནས་རྟག་བཤེར་བྱས་ཡོད། ད་ཐེངས་ཀྱི་གསོ་སྦྱོང་འགྲན་སྡུར་བྱེད་སྒོ་སྤེལ་བ་བརྒྱུད་དེ་རྫོང་ཡོངས་ཀྱི་གནོད་འཚེའི་ཆ་འཕྲིན་པའི་དཔུང་ཁག་ཧྲིལ་པོའི་ལས་སྒོའི་བྱང་ཚད་དང་དངོས་འཐབ་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་རྫོང་ཡོངས་ཀྱི་འཚུབ་བསྟུན་དོ་དམ་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
རྗེས་མར། དཀར་མཛེས་རྫོང་གིས་མུ་མཐུད་དེ་གནོད་འཚེའི་ཆ་འཕྲིན་པའི་རྒྱུན་གཏན་གྱི་གསོ་སྦྱོང་ལས་དོན་ཏན་ཏིན་སྤེལ་བ་དང་། དཔུང་ཁག་གི་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏང་བ། གཞི་རིམ་གྱི་གནོད་འཚེའི་གནས་ཚུལ་གོང་ཞུ་བྱེད་པའི་དུས་ཐོག་རང་བཞིན་དང་གནད་འཁེལ་རང་བཞིན། ཚད་ལྡན་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་བཅས་བྱས་ཏེ། རྫོང་ཡོངས་ཀྱི་གནོད་འགོག་གནོད་བསྙུང་གནོད་སེལ་གྱི་གཞི་རིམ་རྨང་གཞིའི་ལས་དོན་འཕེལ་རྒྱས་གཏང་རྒྱུ་ཡིན་པ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
