国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

མཁོ་སྤྲོད་འགན་སྲུང་བྱས་ཏེ་ཞབས་ཞུ་སྒོ་རྩར་བསྒྲུབས།

འབའ་ཐང་འབར་རླངས་ཁེ་ལས་ཀྱིས་དགུན་དུས་རླངས་སྤྱོད་ཉེན་མེད་ཡོང་བར་འགན་སྲུང་བྱས།

སྤྱི་ཟླ11པའི་ཚེས12ཉིན། འབའ་ཐང་རྫོང་ཡུས་ཞང་འབར་རླངས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་གསོག་འཇོག་བཀོད་སྒྲིག་ས་ཚུགས་སུ་ལས་དོན་མི་སྣས་བཀོལ་སྤྱོད་གོ་རིམ་གཞིར་བཟུང་ནས་རྒྱུན་གཏན་འཁོར་སྐྱོར་སྲུང་སྐྱོང་དང་སྐོར་བཤེར་བྱས་ཏེ་འདྲེན་སྦྱོར་མདོང་དྲ་དང་། གནོན་སྒྲིག་སྒམ། སྟེམ་ཁྲོན་སོགས་ཀྱི་སྒྲིག་ཆས་གཙོ་བོར་ཞིབ་བཤེར་དང་འབྲེལ་མདོང་ལམ་གྱི་མཐུད་ཁ་དང་། སྟེམ་སྒོ་བཅས་འཁོར་སྐྱོད་བྱེད་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་བྱས། དྲོད་ཚད་དམའ་བས་འཁྱགས་འགག་སླ་བའི་མདོང་ལམ་ལ་དམིགས་ནས་དྲོད་སྲུང་བྱ་ཐབས་སྔ་སྣུར་དུ་སྤྱད་ནས་འཁོར་སྐྱོད་སྲུང་སྐྱོང་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མདོང་ལམ་འཁྱགས་འགག་དང་འབར་རླངས་ཕྱིར་ཤོར་སོགས་གནད་དོན་ཐོན་པར་དོགས་ཟོན་བྱས་ནས་འབར་རླངས་ཉེན་མེད་ཡོང་བའི་རྨང་གཞི་བརྟན་དུ་བཏང་ཡོད།

མཁོ་སྤྲོད་འགན་ལེན་བྱེད་པ་དང་དུས་མཉམ་དུ་ལས་དོན་མི་སྣས་དུད་ཚང་རེ་རེ་བཞིན་འབར་རླངས་ཐབ་ཆས་དང་། འབྲེལ་མཐུད་མཉེན་སྦུག། འབར་རླངས་ཉེན་བརྡའི་སྒྲིག་ཆས་སོགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ་དང་ཆབས་ཅིག་ཡུལ་མི་ལ་འབར་རླངས་དམངས་ཕན་ཁ་གསབ་སྲིད་ཇུས་དང་རེ་ཞུའི་ཆ་རྐྱེན། སྙན་ཞུའི་བརྒྱུད་རིམ། འགྲོ་གྲོན་ཚད་གཞི་བཅས་གསལ་པོར་བཤད་ཅིང་། མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་ནས་འགྲོ་ལུགས་གཉེར་རྒྱུའི་ཁྲིད་སྟོན་བྱས་ཡོད།

འབའ་ཐང་རྫོང་ཡུས་ཞང་འབར་རླངས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་འགན་འཁུར་བས་དགུན་ཁ་གནམ་གཤིས་གྲང་བས་མང་ཚོགས་ཀྱི་རླངས་སྤྱོད་དགོས་མཁོ་ཆེ་རུ་ཕྱིན་ཡོད། སྲིད་གཞུང་གི་ཁ་གསབ་དང་ཁེ་ལས་ཀྱི་ཁེ་བཟང་ལ་བརྟེན་ནས་འཛད་སྤྱོད་པའི་རླངས་སྤྱོད་མ་གནས་ཆུང་དུ་ཕྱིན་ཡོད། སྤྱི་གཉེར་ཁང་གིས་མཁོ་འདོན་འགན་ལེན་དང་བཅར་འདྲིའི་ཞོར་དུ་སྲིད་ཇུས་སྒྲོག་འགྲེལ་ཡག་པོ་བྱས་ནས་དགོས་མཁོ་ཡོད་པའི་མང་ཚོགས་ལ་དམངས་ཕན་བྱེད་ཐབས་ཤེས་པར་བྱ་དགོས་ཞེས་བཤད།

འབའ་ཐང་རྫོང་གི་འབར་རླངས་ཁེ་ལས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་མཁོ་སྤྲོད་གནས་ཚུལ་ལ་མུ་མཐུད་དོ་ཁུར་བྱས་ཏེ་སྐོར་བཤེར་ཐེངས་གྲངས་མང་དུ་གཏོང་བ་དང་། ཞབས་ཞུའི་ཐད་སྦྲེལ་ཁ་པར་རྒྱག་བདེ་བ། མཁོ་སྤྲོད་འགན་ལེན་གྱི་ཇུས་གཞི་ལེགས་སྒྲིག་བཅས་བྱས་ནས་དགུན་དུས་འབར་རླངས་མཁོ་སྤྲོད་ཉེན་མེད་དང་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།།

( ཀུན་དགའ་ཡིས་བསྒྱུར།)