国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

གུང་ཐང་རས་ པ་དྲན་གླུ།

ཆོས་ཅན་སྒྱུ་མར་རྟོགས་ཤིང་།།

ཆོས་ཉིད་བདེ་བར་རོལ་བའི།།

འཁོར་འདས་ལྟད་མོར་གཟིགས་པའི།།

གུང་ཐང་རས་པ་དྲན་བྱུང་།།

སྤང་རྟོགས་ཉི་ཟླ་ཚེས་པ།།

འཕྲིན་ལས་ཉི་ཟེར་འཆར་བ།།

སྒྲུབ་བརྒྱུད་བསྟན་པའི་ཀ་ཆེན།།

མི་ལ་བཞད་པ་དྲན་བྱུང་།།

སྟོབས་ཆེན་སྙིང་རུས་མཆོག་ལྡན།།

སྐྱིད་སྡུག་གོང་ནོན་རས་པ།།

དགྲ་བོ་མཐའ་དག་བཅོམ་མཁན།།

ཚེ་གཅིག་སངས་རྒྱས་ཐོབ་མཁན།།

སྡུག་ཡུས་གཞན་ལ་མ་འཕང་།།

སྡུག་ཐེག་སྐྱ་རྔའི་བུ་ཆུང་།།

མར་པའི་གདམས་ངག་ཁོང་ཆུད།།

ཟླ་བྲལ་གངས་ཁྲོད་དཔའ་བོ།།

དགུན་གསུམ་ཁ་བ་བུ་ཡུག །

དཔྱིད་དབྱར་སྟོན་གསུམ་དྲོ་གྲང་།།

དེ་ཙམ་སྣང་དོགས་མེད་པའི།།

ཐར་ལམ་འཚོལ་བའི་རས་པ།།

དགྲ་གཉེན་ཆགས་སྡང་ཡུལ་དང་།

འཁོར་གཡོག་འདུ་འཛིའི་སྤྲོས་པར།།

བཅོས་མིན་ཞེན་པ་ཟློག་པའི།།

གུང་ཐང་མི་ལ་བཞད་པ།།

མར་པའི་ཐུགས་ཀྱི་བུ་ཆེན།།

མྱང་ཚའི་འདི་ཕྱིའི་འཁྲི་ས།།

འདོད་དོན་འགྲུབ་པའི་དཔའ་བོ།།

མང་ཡུལ་གུང་ཐང་རས་པ།།

ཆོས་ཅན་སྒྱུ་མའི་ཀློང་ནས།།

ཆོས་ཉིད་རྟོགས་མགུར་ལེན་པའི།།

ཆོས་ཀྱི་རྒྱལ་ཐབས་ཟིན་པའི།།

ཆོས་པའི་གཙུག་རྒྱན་མི་ལ།།