国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

རང་རྒྱལ་དུ་འཛམ་གླིང་གི་ས་གཤིས་ཤུལ་བཞག་ ས་ཆ3གསར་དུ་བསྣན་ཡོད།

ཉེ་ཆར། གསར་འགོད་པས་རྒྱལ་སྤྱིའི་ས་གཤིས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ས་གཤིས་ཤུལ་བཞག་ས་ཆ་ཚན་འབོར་གསུམ་པའི་ཀྲུང་གོ་བདམས་ཐོན་བྱུང་བའི་མིང་ཐོ་ཡོངས་བསྒྲགས་ཚོགས་འདུར་ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་དུ་ས་གཤིས་ཤུལ་བཞག་ས་ཆ3གསར་དུ་བསྣན་པ་དེ་དག་ནི་ཁྲུང་ཆིང་ཡུན་དབྱང་ཀྲུའུ་ལུའོ་དུས་བར་མའི་གཏུམ་འབྲུག་འགྱུར་རྡོ་ཁྱུ་ཚོགས་དང་སི་ཁྲོན་ཤེལ་ཆུ་གས་སྲུབས་ས་རྒྱུད། ཨན་ཧུའེ་ཏ་པེ་རི་བོ་སུམ་བརྩེགས་དུས་ཀྱི་མཐོ་གནོན་ཆེ་ཤོས་ཀྱི་གཤིས་འགྱུར་རྒྱུད་བཅས་ཡིན་པ་རེད། དེར་བརྟེན་རང་རྒྱལ་དུ་ཁྱོན་བསྡོམས་ཁག13བདམས་ཐོན་བྱུང་ཡོད།

ཁྲུང་ཆིང་ཡུན་དབྱང་ཀྲུའུ་ལུའོ་དུས་བར་མའི་གཏུམ་འབྲུག་འགྱུར་རྡོ་ཁྱུ་ཚོགས་ནི་དུས་རབས་འདི་ནས་བཟུང་གསར་དུ་རྙེད་པའི་འཛམ་གླིང་དུ་མཐོང་དཀོན་པའི་ཀྲུའུ་ལུའོ་དུས་བར་མའི་གཏུམ་འབྲུག་འགྱུར་རྡོ་གཅིག་བསྡུས་ཐོན་ཡུལ་ཡིན། འགྱུར་རྡོའི་རིགས་སྣ་མང་ཕུན་སུམ་ཚོགས་པ་དང་། ཁྱོན་བསྡོམས་རྩ་གནད6དང་རྣམ་གྲངས12དང་ཚན་ཁག19ཡོད། གནའ་ཤུལ་དེ་གསར་རྙེད་བྱུང་བའི་ཡུན་དབྱང་ཀྲུའུ་ལུའོ་དུས་བར་མའི་གཏུམ་འབྲུག་འགྱུར་རྡོ་ཁྱུ་ཚོགས་ལ་གོ་ལ་ཧྲིལ་པོར་བསྡུར་གཞིའི་དོན་སྙིང་ལྡན་ཞིང་། ཀྲུའུ་ལུའོ་དུས་སྔ་མ་དང་བར་མའི་གཏུམ་འབྲུག་རིམ་འགྱུར་ཀྱི་སྟོང་ཆ་བསྐངས་པ་རེད།

ཤེལ་ཆུ་གས་སྲུབས་ས་རྒྱུད་ནི་སི་ཁྲོན་ནུབ་རྒྱུད་དང་མཚོ་བོད་མཐོ་སྒང་ཤར་རྒྱུད་དུ་གནས་ཤིང་གོ་ལ་ཧྲིལ་པོའི་འགུལ་སྐྱོད་རང་བཞིན་ཆེ་ཤོས་ཀྱི་སྐམ་ས་ཆེན་པོའི་ནང་ཁུལ་གྱི་གཡོན་སྐོར་འདྲེད་བརྡར་གས་སྲུབས་ཀྱི་གྲས་ཤིག་ཡིན་པ་དང་། ལོ་ངོ་དུང་ཕྱུར2ཙམ་གྱི་སྔོན་དུ་ཆགས་ཡོད།གས་སྲུབས་ལམ་རྒྱུད་དུ་གནའ་བོའི་ས་འགུལ་གྱི་ས་ངོས་གས་པའི་རྗེས་ཤུལ་དང་གས་སྲུབས་ས་རྒྱུད་ནང་ཁུལ་གྱི་གྲུབ་ཚུལ། ས་བབ་ཆགས་ཚུལ་ཆད་ཤུལ་བཅས་གསལ་པོར་ཡོད་པས་མཚོ་བོད་མཐོ་སྒང་ས་ཤུན་འགྱུར་བ་དང་ཆད་རིམ་འགུལ་སྟངས། ས་འགུལ་བྱུང་བའི་བརྒྱུད་རིམ་བཅས་ལ་ཞིབ་འཇུག་བྱེད་པའི་རང་བྱུང་ཚོད་ལྟ་ཁང་རྙེད་དཀའ་བ་ཞིག་ཡིན་པ་རེད།

ཏ་པེ་རི་བོའི་སུམ་བརྩེགས་དུས་ཀྱི་མཐོ་གནོན་ཆེ་ཤོས་ཀྱི་གཤིས་འགྱུར་ས་རྒྱུད་ནི་ཧུའུ་པེ་དང་ཧོ་ནན། ཨན་ཧུའེ་བཅས་ཀྱི་འབྲེལ་མཚམས་སུ་གནས་པ་དང་། འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་གཞི་ཁྱོན་ཆེ་ཤོས་དང་བཤུ་གཞོག་གཏིང་ཟབ་ཤོས། ཕྱིར་མངོན་ཆ་རྐྱེན་ལེགས་ཤོས། མཐོ་གནོན་ཆེ་ཤོས་ཀྱི་གཏེར་རྫས་དང་བྲག་རྡོ་སྡེབ་སྒྲིག་ཕུན་སུམ་ཚོགས་པ་བཅས་ཀྱི་མཐོ་གནོན་ཆེ་ཤོས་ཀྱི་གཤིས་འགྱུར་ས་རྒྱུད་ཀྱི་འགག་རྩའི་ས་ཁོངས་ཤིག་ཡིན་ཞིང་། ལོ་ངོ་དུང་ཕྱུར2ལྷག་གི་སྔོན་གྱི་ཧྭ་ལྷོ་དང་ཧྭ་བྱང་གི་བྲག་ལེབ་ཆེན་པོ་གཉིས་གདོང་ཐུག་བརྒྱབ་པ་དང་།ཧྭ་ལྷོའི་སྐམ་ཤུན་དངོས་པོ་ས་འོག་ཏུ་སྤྱི་ལེ་བརྒྱ་ཕྲག་ལྷག་གི་གཏིང་ཟབ་སར་སླེབས་རྗེས་ཡང་བསྐྱར་ས་ངོས་སུ་འཕར་བའི་བརྒྱུད་རིམ་ཧྲིལ་པོ་ཡོད་པས། དེར་གོ་ལ་ཧྲིལ་པོའི་སྐམ་ས་ཆེན་པོའི་སྒུལ་ཤུགས་རིག་པ་དང་སྐམ་ས་ཆེན་པོའི་ཐུར་ཟུག་ཟབ་ཤོས་ཀྱི་ས་གཤིས་ལོ་རྒྱུས་དེབ་ཐེར་ཞེས་པའི་མཚན་སྙན་ཐོབ་ཡོད།

རྒྱལ་སྤྱིའི་ས་གཤིས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་རྒྱལ་སྤྱིའི་ས་གཤིས་རྗེས་ཤུལ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང)གྱི་དགེ་རྒན་ཆེ་མོ་བ་ཀྲང་ཅན་ཕིང་གིས་ས་གཤིས་ཤུལ་བཞག་ས་ཆ་ཞེས་པ་ནི་རྒྱལ་སྤྱིའི་དོན་སྙིང་ལྡན་པའི་ས་གཤིས་རྗེས་ཤུལ་དང་ས་གཤིས་བརྒྱུད་རིམ་ཀྱི་འགག་རྩའི་ས་ཁོངས་ལ་ཟེར་ཞིང་། གོ་ལ་ཧྲིལ་པོའི་དཔྱད་བསྡུར་ཚད་གཞིའམ་སའི་གོ་ལའི་ཚན་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་དོན་སྙིང་ཁྱད་འཕགས་ཡོད་པའི་ས་གནས་ལ་བརྩི་ཆོག་པ་དང་། ས་གཤིས་ཤུལ་བཞག་ས་ཆ་དེར་རྒྱལ་སྤྱིའི་ས་གཤིས་རིག་པའི་རིན་ཐང་དང་ཞིབ་འཇུག་གི་ཆུ་ཚད་མཐོ་ཤོས་ལྡན་པར་མ་ཟད་སྲུང་སྐྱོང་ནུས་ལྡན་ཡང་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།། ( བདེ་ཆེན་གྱིས་བསྒྱུར།)