ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བསྒྲགས་པའི་དན་གྲངས་ལས་མངོན་པ་ལྟར་ན། སྤྱི་ཟླ10པར་རྒྱལ་ཡོངས་ཀྱི་ཡུལ་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI)ཟླ་བ་སྔོན་མ་དང་བསྡུར་ན་གཅིག་མཚུངས་ཡིན་པ་དང་། ན་ལོའི་དུས་མཉམ་ལས་བརྒྱ་ཆ0.7འཕར་ཏེ་འཕར་ཚད་ཟླ་བ་སྔོན་མ་ལས་བརྒྱ་ཆའི་གྲངས0.2ཆག་ཡོད། བཟའ་བཅའ་དང་ནུས་ཁུངས་ཀྱི་རིན་གོང་ཕུད་པའིCPIགཙོ་བོ་ན་ལོའི་དུས་མཉམ་ལས་བརྒྱ་ཆ0.8འཕར་བ་དང་འཕར་ཚད་ཟླ་བ་སྔོན་མ་ལས་བརྒྱ་ཆའི་གྲངས0.2ཆག་ཡོད།
རྒྱལ་ཁབ་བསྡོམས་རྩིས་ཅུས་གྲོང་ཁྱེར་སིའི་དབུ་བཞུགས་བསྡོམས་རྩིས་ཆེན་མོ་ཏུང་ལི་ཅོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ན་ལོའི་དུས་མཉམ་ལས་བསྡུར་ན་རླངས་སྣུམ་གྱི་རིན་གོང་ན་ལོའི་དུས་མཉམ་ལས་བརྒྱ་ཆ22.4འཕར་བ་དང་། འཕར་ཚད་ཟླ་བ་སྔོན་མ་ལས་བརྒྱ་ཆའི་གྲངས5.8མཐོ་རུ་ཕྱིན་ཏེCPIལ་ཤུགས་རྐྱེན་ཐེབས་ཚད་ན་ལོའི་དུས་མཉམ་ལས་བརྒྱ་ཆའི་གྲངས0.63འཕར། ནུས་ཁུངས་རིན་གོང་འཕར་ཚད་ཟླ་བ་སྔོན་མའི་བརྒྱ་ཆ7.3ནས་ཟླ་བ་འདིའི་བརྒྱ་ཆ9.9བར་མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱས་ཡོད། ནུས་ཁུངས་ཕུད་པའི་བཟོ་ལས་འཛད་རྫས་ཀྱི་རིན་གོང་བརྒྱ་ཆ1.2འཕར་བ་དང་འཕར་ཚད་ཟླ་བ་སྔོན་མ་ལས་བརྒྱ་ཆའི་གྲངས0.4ཆག་སྟེCPIལ་ཤུགས་རྐྱེན་ཐེབས་ནས་ན་ལོའི་དུས་མཉམ་ལས་བརྒྱ་ཆའི་གྲངས0.30འཕར་ཡོད། ཞབས་ཞུའི་རིན་གོང་ན་ལོའི་དུས་མཉམ་ལས་བརྒྱ་ཆ0.7འཕར་བ་དང་འཕར་ཚད་ཟླ་བ་སྔོན་མ་ལས་བརྒྱ་ཆའི་གྲངས0.1ཆག་སྟེCPIལ་ཤུགས་རྐྱེན་ཐེབས་ཚད་ན་ལོའི་དུས་མཉམ་ལས་བརྒྱ་ཆའི་གྲངས0.34འཕར་ཡོད། བཟའ་བཅའ་ཡི་རིན་གོང་ན་ལོའི་དུས་མཉམ་ལས་བརྒྱ་ཆ2.9ཆག་པ་དང་ཆག་ཚད་ཟླ་བ་སྔོན་མ་ལས་བརྒྱ་ཆའི་གྲངས1.2འཕར་སྟེCPIལ་ཤུགས་རྐྱེན་ཐེབས་ནས་ན་ལོའི་དུས་མཉམ་ལས་བརྒྱ་ཆའི་གྲངས0.49ཆག་ཡོད་པ་རེད།
སྤྱི་ཟླ10པར་བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་གི་སྟོན་གྲངས(PPI)ཟླ་བ་སྔོན་མ་ལས་བརྒྱ་ཆ0.7འཕར་བ་དང་འཕར་ཚད་ཟླ་བ་སྔོན་མ་ལས་བརྒྱ་ཆའི་གྲངས0.5ཆག་པ་དང་། ན་ལོའི་དུས་མཉམ་ལས་བརྒྱ་ཆ5.7འཕར་བ་དང་འཕར་ཚད་ཟླ་བ་སྔོན་མ་ལས་བརྒྱ་ཆའི་གྲངས0.7འཕར་ཡོད།།
( བདེ་ཆེན་གྱིས་བསྒྱུར།)
