国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྲོལ་རྒྱུན་འཁེལ་འཐག་ལ་ བརྟེན་ནས་ཡུལ་སྡེ་དར་རྒྱས་ལ་རམ་འདེགས་བྱས།

ཉེ་བའི་ལོ་ཤས་རིང་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཡུལ་ཤོག་དོན་གྲུབ་སྡིངས་གྲོང་སྡེ་ཡིས“ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པ་དང་ཏང་མི་ཡིས་སྣེ་ཁྲིད་པ། མཉམ་ལས་ཁང་འཛུགས་པ”བཅས་ཀྱི་འཕེལ་རྒྱས་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཁྱད་ཆོས་འཁེལ་འཐག་ཐོན་ལས་འཕེལ་རྒྱས་བཏང་བ་རེད། དྲྭ་ཐོག་དང་དྲྭ་ཕྱིའི་ཚོང་ལམ་བརྒྱུད་ནས་དེའི་ནང་ཞུགས་མཁན་དུད་ཚང་ཚོའི་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི4འཕར་ཏེ། མང་ཚོགས་ཁྱིམ་སྡོད་སྟབས་བསྟུན་ལས་ཞུགས་ལ་སྐུལ་ཁྲིད་ཡག་པོ་ཐུབ་ནས་ཡོང་འབབ་བརྟན་པོ་འཕར་བ་དང་ཡུལ་སྡེ་དར་རྒྱལ་ལ་རམ་འདེགས་བྱས་པ་རེད།། ( བདེ་ཆེན་གྱིས་བསྒྱུར། )

17981_04B_20261118དོན་གྲུབ་སྡིངས་གྲོང་སྡེའི་ཡུལ་མི་ཚོས་རང་ཉིད་ཀྱིས་འཐག་པའི་སྣམ་བུ་པང་གདན་སྟོན་བཞིན་པ།