国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཀྲའོ་པོ་ཡིས་ཚོ་ཆུང་ཁྲིད་དེ་རྒྱལ་ཁབ་དན་གྲངས་ཚོགས་པ་ཚད་ཡོད་ སྤྱི་གཉེར་ཁང་ལ་ལས་དོན་འབྲེལ་མཐུད་གནང་།

(པར་ངོས་དང་པོར་མཐུད།)དཀར་མཛེས་ཁུལ་གྱི་སྦག་མེད་ནུས་ཁུངས་འབེལ་ལ་གནམ་གཤིས་ཀྱི་ཆ་རྐྱེན་འཚམ་པ། རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་བཅས་ཡིན་པས་སྦག་མེད་རྩིས་ཤུགས་ནུས་པ་འཕེལ་རྒྱས་གཏོང་བར་མངོན་གསལ་དོད་པའི་ལེགས་ཆ་ལྡན་ཡོད། སྙིང་ཐག་པ་ནས་རྒྱལ་ཁབ་དན་གྲངས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་དང་། མཉམ་དུ་རྩིས་ཤུགས་སྤུས་རྟགས་གཏོད་པ། མཉམ་དུ་སྦག་མེད་ཐོན་ལས་ལ་སྐུལ་བ་སོགས་ཀྱི་ཐད་མཉམ་ལས་ཡག་པོ་བྱས་ཏེ་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་གཏོད་རྒྱུའི་རེ་སྒུག་ཟོལ་མེད་བྱེད་ཀྱིན་ཡོད་ཅེས་གསུངས་པ་རེད།

ཧུའུ་ཞའོ་ཡིས་བཞུགས་མོལ་དུ་གསུངས་དོན། རྒྱལ་ཁབ་དན་གྲངས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་འཛུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། སྤྱི་གཉེར་ཁང་གིས་ཆེད་ལས་ལེགས་ཆ་དང་ཐོན་ཁུངས་ལེགས་ཆ། ལས་སྟེགས་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ནས་དཀར་མཛེས་ཁུལ་དང་མཉམ་དུ་དན་གྲངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རྒྱུ་ནོར་གཉེར་སྐྱོང་། དན་གྲངས་ལྗོངས་རྣམ་བཀོལ་སྤྱོད་སོགས་ཀྱི་ཐད་མཉམ་ལས་ནང་སྲོལ་འཚོལ་ཞིབ་བྱས་ཏེ་དན་གྲངས་ཀྱི་གྲུབ་རྐྱེན་གཙོ་བོས་མི་རིགས་ས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རོགས་བྱེད་པའི་ལམ་བུ་བསྐྲུན་ནས་ཨང་ཀིའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན།

ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅིན་ཀྲའོ་དང་ཉག་ཆུའི་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་ཀྲང་ཕུང་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།།

( ལྷ་འཛོམས་དང་བདེ་ཆེན་གྱིས་བསྒྱུར།)