国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

དཀར་མཛེས་ཁུལ་དང་འདབ་པའི་ཉི་སྟེན་ལྗོངས་ཁུལ་འཛམ་གླིང་གི་ཡུལ་སྐོར་མནའ་འབྲེལ་དུ་ཚུད།

ཉེ་ཆར་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཞིབ་འཇུག་བྱས་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་འདབ་པའི་ཉི་སྟེན་ལྗོངས་ཁུལ་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་ནང་དངོས་སུ་ཞུགས་པའི་ཐག་བཅད་པ་རེད། འཛམ་གླིང་ཡུལ་སྐོར་མནའ་འབྲེལ་དེ2017ལོར་བཙུགས་པ་དང་སྤྱི་ཁྱབ་པུའུ་དེ་ཀྲུང་གོའི་ཧང་ཀྲོའུ་རུ་བཙུགས་ཡོད། དེ་ནི་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཕྱོགས་བསྡུས་རང་བཞིན་དང་སྲིད་གཞུང་གི་ཁོངས་སུ་མིན་པ། ཁེ་གཉེར་རང་བཞིན་མིན་པ་བཅས་ཀྱི་རྒྱལ་སྤྱིའི་ཡུལ་སྐོར་རྩ་འཛུགས་ཤིག་རེད། 2026ལོའི་ཟླ་བ4པའི་ཚེས28ཉིན་དཀར་མཛེས་ཁུལ་དང་འདབ་པ་ཉི་སྟེན་ལྗོངས་ཁུལ་གྱིས་ཚོགས་ཞུགས་རེ་ཞུའི་ཡིག་ཆ་དངོས་སུ་ཕུལ་ཡོད།

མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཞིབ་བྱས་ཏེ་དཀར་མཛེས་ཁུལ་གྱི་ཚོགས་མིའི་འོས་ཐོབ2026ལོའི་ཟླ་བ7པའི་ཚེས8ཉིན་ནས་གོ་ཆོད་པ་དང་། འདབ་པ་ཉི་སྟེན་ལྗོངས་ཁུལ་གྱི་ཚོགས་མིའི་ཐོབ་ཐང2026ལོའི་ཟླ་བ9པའི་ཚེས1ཉིན་ནས་བཟུང་གོ་ཆོད་པ་རེད། དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་གཙོ་བོ་ཡིན་པའི་འདབ་པའི་ཉི་སྟེན་གྱིས་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱི་རྒྱལ་སྤྱིའི་ལས་སྟེགས་དང་ཇུས་འདོན་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས་ཕྱི་རྒྱལ་གྱི་འགྲུལ་ཁུངས་ཁྲོམ་ར་ལ་དམིགས་ནས་དེ་གའི་ཡུལ་མིའི་གནང་ཚང་ཁང་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་འཆར་ལས་རྣམ་འཕེལ་རྒྱས་ལ་སྐུལ་ཁྲིད་དང་། གོ་ལ་ཧྲིལ་པོའི་རིག་གནས་ཡུལ་སྐོར་གྱིས་ཡུལ་སྡེ་དར་རྒྱས་ལ་རོགས་དན་བྱས་པའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། དམངས་འཚོའི་ཁེ་ཕན་འབྲེལ་མཐུད་ནང་སྲོལ་ལེགས་སུ་གཏོང་བ། རང་ཡུལ་གྱི་གཉེར་སྐྱོང་གསོ་སྦྱོང་བྱེད་པ། ལྗོངས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ལ་བརྟེན་ནས་མང་ཚོགས་ཀྱི་ཕུགས་ཕན་འབབ་འཕར་ལ་སྐུལ་ཁྲིད་བཅས་བྱས་ཏེ་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་དང་གཏོང་བཞིན་ཡོད།

ད་ཐེངས་མནའ་འབྲེལ་ནང་ཞུགས་པ་དེས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གོ་ལ་ཧྲིལ་པོའི་མཐོང་ལམ་གསར་པ་ཞིག་ཕྱེ་བ་རེད། དཀར་མཛེས་ཁུལ་གྱིས་མནའ་འབྲེལ་གྱི་གོ་ལ་ཧྲིལ་པོའི་ལས་སྟེགས་དང་ཐོན་ཁུངས་ལ་བརྟེན་ནས“གནས་མཆོག་དཀར་མཛེས”ཀྱི་རིག་གནས་ཡུལ་སྐོར་གྲགས་རྟགས་རྒྱུན་མཐུད་དེ་ཇེ་གསལ་དུ་གཏོང་བ་དང་། རྒྱལ་སྤྱིའི་དབུ་ཚོགས་དང་རིག་གནས་ཡུལ་སྐོར་འགྲེམས་ཚོགས་སྣ་ཚོགས་སུ་ཧུར་ཐག་ཞུགས་ནས་རྒྱལ་སྤྱིའི་ཡུལ་སྐོར་ཁེ་ལས་དང་ཕྱི་རྒྱལ་གྱི་འགྲུལ་ཁུངས་ཁྲོམ་ར་དང་འབྲེལ་མཐུད་གང་ལེགས་བྱེད་པ། ལམ་ཐིག་མཉམ་སྐྲུན་དང་ཐོན་རྫས་མཉམ་སྤེལ། འགྲུལ་ཁུངས་ཕན་ཚུན་སྐྱེལ་རེས་སོགས་ཀྱི་དངོས་སྒྲུབ་མཉམ་ལས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་དང་ཆབས་ཅིག། དཀར་མཛེས་ཁུལ་གྱིས་གོ་ལ་ཧྲིལ་པོའི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་བཟུང་ནས་རྒྱལ་སྤྱིའི་ཚད་གཞི་བསྡུར་གཞིར་བྱས་ཏེ་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་གཉེར་སྐྱོང་དང་ལྗོངས་ཁུལ་དོ་དམ། ཡུལ་མིའི་གནས་ཚང་ཁང་ཞབས་ཞུ། འཚུབ་བསྟུན་འགན་ལེན་སོགས་ཀྱི་ཁྱབ་ཁོངས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏང་རྒྱུ་དང་། རྒྱལ་སྤྱིའི་ཞིབ་འཇུག་ཟབ་སྦྱོང་དང་ལས་རིགས་སྤེལ་རེས་བརྒྱུད་རང་ཁུལ་གྱི་ཆེད་ལས་རིག་གནས་དང་ཡུལ་སྐོར་ཤེས་ལྡན་མི་སྣ་རྒྱུན་མཐུད་ངང་གསོ་སྐྱོང་བྱས་ནས་ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་གཞི་ཁྱོན་ཆེ་རུ་གཏོང་བ་ནས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་ཕྱོགས་སུ་བར་བསྒྱུར་རྒྱུ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)