国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཀྲའོ་པོ་ཡིས་ལྕགས་ཟམ་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་ གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སྒྲོག་འགྲེལ་དང་རྟོག་ཞིབ་གནང་སྐབས།

ཟབ་སྦྱོང་དང་ཧུར་བརྩོན་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་ཐུན་མོང་ཕྱུག་འབྱོར། འཕེལ་རྒྱས་སྤུས་ཚད་མཐོན་པོ་བཅས་ཀྱི་རྣམ་པ་ གསར་པ་ཤུགས་ཡོད་རྒུས་གཏོད་དགོས་གསུངས།

སྤྱི་ཟླ11པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ལྕགས་ཟམ་རྫོང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སྒྲོག་འགྲེལ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྒྲིག།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་ཏང་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ཟབ་སྦྱོང་དང་ཧུར་བརྩོན་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དོན་ཐོག་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་བ་དང་། ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་ཐོན་ལས་ལེགས་པོ་དང་སྟོབས་ཆེན་དུ་གཏོང་བར་བརྩོན་ཞིང་། གཙོ་གནད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ཡང་དག་པ་བཅས་བྱས་ཏེ་དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་། ཐུན་མོང་ཕྱུག་འབྱོར། འཕེལ་རྒྱས་སྤུས་ཚད་མཐོན་པོ་བཅས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་ནན་གསུང་གནང་།

ཀྲའོ་པོ་དང་བཅས་པ་སྔ་རྗེས་སུ་ཞིན་ལུང་གྲོང་རྡལ་གྱི་མཚོ་ཁ་རིང་པོ་དང་འོད་གསལ་སྟེང་དུ་ཕེབས་ནས་ལྗོངས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་། གཉེར་སྐྱོང་དོ་དམ། ཞབས་ཞུའི་སྒྲིག་བཀོད་ལེ་ལག་ཚང་བ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། བདེ་འོད་གྲོང་རྡལ་རང་འཐག་གྲོང་སྡེར་ཀྲའོ་པོ་དང་བཅས་པས་ཞིང་མུ་ཁར་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ( པར་ངོས་གཉིས་པར་གཟིགས།)