国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

དབྱང་ཧུང་ཧྲོའུ་ཡིས་ཁུལ་ཡོངས་ཀྱི་དུས་ཚིགས་བཞི་པའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་དང་ལས་གཞི་ལས་དོན་ལ་བསྐུལ་བའི་ཚོགས་འདུར།

ངར་ཤུགས་དང་སེམས་ཤུགས་གཅིག་སྒྲིལ། ལས་གཞིར་དམ་འཛིན། ཧུར་སྒྲུབ་འཕྲལ་གཉེར་བཅས་བྱས་ཏེ། “ལོ་ལྔའི་འཆར་འགོད་ བཅོ་ལྔ་པ”འགོ་འཛུགས་ལོའི་དམིགས་འབེན་ལས་འགན་ཁག་ འགྲུབ་པར་འགན་ལེན་བྱ་དགོས་གསུངས།

སྤྱི་ཟླ11པའི་ཚེས17ཉིན། ཁུལ་ཡོངས་ཀྱི་དུས་ཚིགས་བཞི་པའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་དང་ལས་གཞི་ལས་དོན་ལ་བསྐུལ་བའི་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུར་ད་སྔའི་དཔལ་འབྱོར་འཁོར་སྐྱོད་ཀྱི་དུས་བབ་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ་དང་། དུས་ཚིགས་བཞི་པའི་དཔལ་འབྱོར་ལེགས་གཉེར་དང་སང་ལོའི་ལས་གཞི་གལ་ཆེན་གྱི་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ། ངར་ཤུགས་གཅིག་སྒྲིལ་དང་སེམས་ཤུགས་གཅིག་སྒྲིལ། ལས་གཞིར་དམ་འཛིན་ཤུགས་ཆེན། ( པར་ངོས་གཉིས་པར་གཟིགས།)