སྤྱི་ཟླ11པའི་ཚེས18ཉིན། དཀར་མཛེས་ཁུལ་རྒྱལ་ཁབ་ས་ཆའི་བར་ཁོངས་འཆར་འགོད་ཨུ་ཡོན་ལྷན་ཁང་གི2026ལོའི་ཚོགས་འདུ་ཐེངས3པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི། ཁུལ་རྒྱལ་ཁབ་ས་ཆའི་བར་ཁོངས་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་རྒྱལ་ཁབ་ས་ཆའི་བར་ཁོངས་འཆར་འགོད་དང་གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་ལ་འཁྱོལ་ཏེ་རྒྱལ་ཁབ་ས་ཆའི་བར་ཁོངས་འཆར་འགོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འཆར་འགོད་ཇུས་གཞིར་ཚན་རིག་དང་མཐུན་ལ་གཟབ་ནན་ངང་ཞིབ་བཤེར་བྱས་ནས་བྱེད་ནུས་ཚད་དཔོག་ལ་དམིགས་ཤིང་། བར་ཁོངས་འདེགས་ཤུགས་ཆེ་རུ་བཏང་སྟེ། ཆུ་ཚད་མཐོན་པོའི་འཆར་འགོད་ཀྱིས་གྲོང་ཁྱེར་ནང་སྤུས་ཅན་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་དགོས་ཞེས་ནན་གསུང་གནང་བ་རེད།
( པར་ངོས་གཉིས་པར་གཟིགས།)
