ཉེ་ཆར་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔེ་དབྱིབས་ཆེན་པོའི་རིག་ནུས་སྒྲིག་གཞི་གསར་གཏོད་བེད་སྤྱོད་འགྲན་སྡུར་ཆེ་མོ་སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་རྒྱལ་ཕམ་ཐག་གཅོད་འགྲན་སྡུར་མན་དབྱང་དུ་མཇུག་འགྲིལ་བ་རེད། ཁུལ་འཛུགས་སྐྲུན་མ་འཇོག་ཚོགས་པའི་ཁོངས་གཏོགས་དཀར་མཛེས་ཁུལ་གྱི་མཁའ་དམའ་ཐོན་ལས་སྣང་ཚུལ་གཉེར་སྐྱོང་ཚད་ཡོད་སྤྱི་གཉེར་ཁང་དང་ཁྲུང་ཆིང་འགྲིམ་འགྲུལ་སློབ་ཆེན། སི་ཁྲོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་ཆེན་བཅས་ཀྱིས་མཉམ་འབྲེལ་ཐོག་བཟོས་པའི《མཐོ་སྒང་རི་ཀླུང་ཁོར་ཡུག་འོག་གི་བྱང་ཚད་རིམ་པའི་གཞི་ཁྱོན་ཆེ་བའི་མཁའ་དམའ་སྐྱེལ་འདྲེན་བཀོད་གཏོང་ཐབས་ལམ་གྱི་ཐབས་ཇུས་རིག་ནུས་སྒྲིག་གཞི》ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཁའ་དམའ་དཔལ་འབྱོར་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་གནད་སྐྱེད་སྲིང་བྱེད་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤིག་ཡིན་ལ་དཀར་མཛེས་ཁུལ་གྱིས་ཐོན་སྐྱེད་ནུས་ཤུགས་སྤུས་གསར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད། དུས་ཚོད་སྐར་ཆ0.3ནང་དུ་མཁའ་ལམ་ཞིག་ཆགས་པ་ནས་གྲོང་ཚོ29ལ་ཁྱབ་པའི་ཚོད་ལྟའི་དྲྭ་རྒྱའི་བར་རིག་ནུས་མ་ལག་དེས་མཐོ་སྒང་གི་ས་དབྱིབས་ཆ་རྐྱེན་རྙོག་འཛིང་ཆེ་བའི་འོག་མཁའ་དམའ་རིག་ནུས་བཀོད་གཏོང་ལག་རྩལ་གྱི་ཞན་ཆ་གསབ་པ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་སྟོང་ཆ་བསྐངས་པར་མ་ཟད། ལག་རྩལ་གྱི་གྲུབ་འབྲས་སྤྱོད་ཆོག་པ་དང་འདྲ་བཟོ་ཆོག་པའི་ཐོན་ལས་ནུས་པར་བསྒྱུར་པ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)
