国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ལྕགས་ཟམ་ཁ་གསར་བརྗེའི་རིག་དངོས་བཤམས་སྟོན་ཁང་རྒྱལ་ཁབ་རིམ་པའི་གསར་བརྗེའི་གཞི་རྒྱུའི་མཛོད་དུ་ཚུད།

ཉེ་ཆར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་རིག་གནས་འཕེལ་བསྒྱུར་ཅུས་ཀྱིས་བརྡ་ཐོ་བཀྲམ་ནས2026ལོ་འཁོར་གྱི་གསར་བརྗེའི་གཞི་རྒྱུའི་མཛོད་ཀྱི་རོགས་སྐྱོར་ལས་གཞིའི་མིང་ཐོ་བསྒྲགས་པ་དང་། རྒྱལ་ཡོངས་སུ་ཁྱོན་བསྡོམས་ལས་ཁུངས25བདམས་ཐོན་བྱུང་ཡོད། དཀར་མཛེས་ཁུལ་ཨུ་དྲིལ་སྒྲོག་པུའུ་ཡིས་བདམས་པའི་ལྕགས་ཟམ་ཁ་གསར་བརྗེའི་རིག་དངོས་བཤམས་སྟོན་ཁང་མིང་ཐོར་ཚུད་ནས། ད་ལོའི་སི་ཁྲོན་ཞིང་ཆེན་གྱི་ལས་གཞི་དེའི་ནང་བདམས་ཐོན་བྱུང་བའི་ལས་ཁུངས་འབའ་ཞིག་ཏུ་གྱུར་ཡོད།

གསར་བརྗེའི་གཞི་རྒྱུའི་མཛོད་འཛུགས་སྐྲུན་ལས་དོན་ནི་རྒྱལ་ཁབ་ཀྱི་རིག་གནས་དན་གྲངས་ཆེན་པོའི་མ་ལག་འཛུགས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལས་གཞི་ནི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི་གཙོ་བོར་བྱས་ཏེ། རྟེན་གཞི་ཁག་གི་འགྲེམས་སྟོན་དངོས་རྫས་དང་དྲན་གསོའི་རྡོ་རིང(མཆོད་རྟེན)དཔེ་སྐྲུན་དངོས་པོ་རྩ་ཆེན་དང་། སྒྲ་བརྙན་དཔྱད་ཡིག་སོགས་ཞིབ་ཚད་མཐོ་བའི་དན་གྲངས་འཚོལ་སྡུད་ཐེངས་མང་བྱས་ཤིང་། རྒྱལ་ཁབ་ཀྱི་རིག་གནས་དན་གྲངས་ཆེན་མོའི་མ་ལག་གི་ཚད་གཞིར་ནན་པོར་གཞིགས་ནས་སྒྲིག་གཞི་ཅན་གྱི་གསོག་ཉར་བྱས་པ་དང་ཆབས་ཅིག་ལོ་རྒྱུས་ཀྱི་དོན་རྐྱེན་དང་། གསར་བརྗེའི་རིག་གནས་དན་གྲངས་ལ་ཆེད་ལས་ཅན་གྱི་མཆན་འགོད་དང་འབྲེལ་མཐར་ཕན་ཚུན་སྦྲེལ་མཐུད་ཐུབ་པའི་རྒྱལ་ཡོངས་ཀྱི་གསར་བརྗེའི་གཞི་རྒྱུའི་མཛོད་བསྐྲུན་ནས་གསར་བརྗེའི་ལོ་རྒྱུས་ཀྱི་ཐོན་ཁུངས་ཨང་ཀིའི་དུས་རབས་སུ་སྔར་ལས་རྒྱ་ཆེ་བ་དང་སྔར་ལས་གསོན་ཉམས་ལྡན་པའི་ངང་ཁྱབ་སྤེལ་ཡོང་བར་བསྐུལ་དགོས་པ་རེད།

རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་ཞིག་ཡིན་པའི་ལྕགས་ཟམ་ཁ་གསར་བརྗེའི་རིག་དངོས་བཤམས་སྟོན་ཁང་དེ1981ལོར་བཙུགས་པ་དང་། འགྲེམས་ཁང་ནང་གསར་བརྗེའི་རིག་དངོས་དང་ཚད་ལྡན་ཡིག་ཆ་སྣ་ཚོགས610ལྷག་ཉར་ཡོད་པའི་ནང་རིག་དངོས་རྩ་ཆེན61ཚུད་ཡོད་པ་རེད། ཕྱིན་ཆད་དཀར་མཛེས་ཁུལ་གྱིས་གསར་བརྗེའི་རིག་གནས་ཨང་ཀིའི་ཅན་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་བ་དང་། ལྕགས་ཟམ་ཁ་གསར་བརྗེའི་རིག་དངོས་བཤམས་སྟོན་ཁང་བདམས་ཐོན་བྱུང་བ་གོ་སྐབས་སུ་བྱས་ཏེ། དཀར་མཛེས་ཁུལ་གྱི“རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང(དཀར་མཛེས་དུམ་མཚམས)ཁྱད་ཆོས་ཆེད་དོན་དན་གྲངས་མཛོད”འཛུགས་སྐྲུན་ཡག་པོ་བྱེད་པ་དང་། གསར་བརྗེའི་དྲན་གསོ་ཁང་དང་གསར་བརྗེའི་གནས་རྙིང་སོགས་གསར་བརྗེའི་རིག་གནས་ཤུལ་བཞག་ཨང་ཀི་ཅན་དུ་འཚོལ་སྡུད་དང་། བེད་སྤྱོད་གཏོང་བའི་ལས་གཞི་མུ་མཐུད་དེ་ལག་ལེན་བསྟར་ནས་དཀར་མཛེས་ཁུལ་གྱི་གསར་བརྗེའི་རིག་གནས་གཏོད་རྒྱུ་ཡིན་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར། )