( པར་ངོས་དང་པོར་མཐུད།)ལས་གཞི་དོ་དམ་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་དང་གནད་དོན་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་གནང་བ་རེད།
རྟོག་ཞིབ་རིང་ལ་ཀྲའོ་པོ་ས་ཆ་རེར་སླེབས་དུས་གཞི་རིམ་ཏང་མི་ལས་བྱེད་མང་ཚོགས་དང་སྤེལ་རེས་གང་ལེགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དུ་དོན་མང་ཚོགས་ལ་སྒྲོག་འགྲེལ་གནང་ཡོད། ཁོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སྦྱོང་སྒྲོག་ལག་བསྟར་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཏེ་ཇི་མ་ཇི་བཞིན་དང་ཁྱོན་ཡོངས། རྒྱུད་རིམ་ལྡན་པ། དོན་དངོས་དང་ཟུང་འབྲེལ་བཅས་ཀྱིས་སློབ་སྦྱོང་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། སྤྱོད་ཚུལ་ནན་ཏིག་དང་དངོས་སྒྲུབ་བྱ་ཐབས་ལ་བརྟེན་ནས་ལས་དོན་ཁག་ཁྱོན་ཡོངས་ནས་ཕན་འབྲས་ཐོན་པ་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་སྤྱི་ཡོངས་ཀྱི་ཕན་ནུས་མུ་མཐུད་ཆེ་རུ་གཏང་དགོས། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ། ཡིག་བསྐུར་ངོ་བཅར་གྱི་འགལ་བ་འདུམ་གཅོད། དམངས་འཚོའི་ཞབས་ཞུ་འགན་སྲུང་དམ་འཛིན་ནན་འཛིན། མང་ཚོགས་ཀྱི་དཀའ་ཉེན་སེམས་ཁྲལ་བཅས་དངོས་གནས་སེལ་བ་བཅས་བྱས་ཏེ་ཏང་རྩ་འཛུགས་ཀྱི་ལེགས་ཆ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་བའི་གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ལ་རྒྱུན་ཆད་མེད་པར་བསྒྱུར་དགོས་ཞེས་ནན་གསུང་གནང་བ་རེད།།
( ལྷ་འཛོམས་དང་ཀུན་དགས་བསྒྱུར།)
