国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

བྱེད་ནུས་ཚད་དཔོག་ལ་དམིགས་ཤིང་། བར་ཁོངས་འདེགས་ཤུགས་ཆེ་རུ་བཏང་སྟེ། ཆུ་ཚད་མཐོན་པོའི་འཆར་འགོད་ཀྱིས་གྲོང་ཁྱེར་ནང་སྤུས་ཅན་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་དགོས།

( པར་ངོས་དང་པོར་མཐུད།)

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་རྒྱལ་ཁབ་ས་ཆའི་བར་ཁོངས་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རེན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་པ་རེད། ཚོགས་འདུར《གྲོང་ཡུལ་གསར་སྤེལ་མཐའ་མཚམས་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》གཅིག་བསྡུས་ཐོག་བརྒྱུད་སྦྱངས་དང་། འབྲེལ་ཡོད་འཆར་འགོད་ཇུས་གཞིར་གྲོས་ཞིབ། ཕྱིན་ཆད་གཙོ་གནད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུར་བསྟན་དོན། རྒྱལ་ཁབ་ས་ཆའི་བར་ཁོངས་འཆར་འགོད་ནི་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྤྱིའི་རྩ་འཛིན་ཞིག་ཡིན་པས་འཐབ་ཇུས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ནུས་པ་ཧ་ཅང་གལ་ཆེན་ལྡན་ཡོད། ས་གནས་ཁག་དང་སྡེ་ཁག་སོ་སོས་རྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་ཏེ། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཅངས་ནས་འཆར་འགོད་གནད་ལ་འཁེལ་བ་དང་འགག་སྒོ་ནན་པོ་སྲུང་བ། མཉམ་ཞིབ་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཚན་རིག་དང་མཐུན་ལ་ལས་ཕྱོད་ཆེ་བ་དང་། སྦྲེལ་མཐུད་འགག་མེད། འདེགས་སྐྱོར་ནུས་ལྡན་བཅས་ཡིན་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་མ་ལག་འཛུགས་པ་དང་། འགྱུར་མེད་རང་བཞིན་གྱི་དོ་དམ་ཚོད་འཛིན་དང་ལྡེམ་ཤུགས་འོས་འཚམ་བཀོད་སྒྲིག་གཅིག་གྱུར་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་ཏེ། བར་ཁོངས་ཀྱི་མཐིལ་ཚད་ཡག་པོ་སྲུང་བ་དང་ཆབས་ཅིག་ཐོན་ལས་གལ་ཆེན་སྦྲེལ་མཐུད་གནད་འཁེལ་དང་གཙོ་གནད་ལས་གཞིའི་ས་སྤྱོད་ལུགས་མཐུན་དགོས་མཁོ་བསྐང་བ། ཚན་རིག་དང་མཐུན་པའི་སྒོ་ནས་དུས་རིམ་དང་སྟངས་འགྲོས་གཅིག་འདོམས་བྱས་ནས་འཕེལ་རྒྱས་ལ་བར་ཁོངས་འདང་ངེས་གཞག་དགོས། ལེགས་བསྡུས་ཞིབ་གཉེར་གྱི་སྤུས་ཚད་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་དང་། གྲོང་ཁྱེར་ནང་སྤུས་ཅན་འཕེལ་རྒྱས་ཀྱི་གཙོ་རྐང་རྒྱུན་འཁྱོངས་ཏེ། གྲོང་ཁྱེར་དོ་དམ་གྱི་ལེ་ལག་ཚང་བ་དང་སྤྱི་པའི་ཞབས་ཞུ་ལེགས་སྤར་ལ་སྤྱི་འདོམས་ཀྱིས་བསྐུལ་ནས། བར་ཁོངས་བེད་སྤྱོད་ཀྱི་ཕན་འབྲས་དང་མི་སྡོད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཆེ་རུ་གཏང་དགོས།མཐིལ་ཚད་གི་བསམ་གཞིག་བརྟན་པོ་བཅངས་པ་དང་། དུས་འཁོར་ཧྲིལ་པོའི་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། འཆར་འགོད་ལག་བསྟར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རྗེས་སྙེག་དཔྱད་དཔོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་སོ་སོའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དངོས་གནས་དམ་འཛིན། དོ་དམ་ཚོད་འཛིན་གྱི་མཐའ་མཚམས་ལས་བརྒལ་བ་དང་། སྒྲིག་འགལ་གསར་སྤེལ་འཛུགས་སྐྲུན་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཆད་གཅོད་ནན་པོ་བཅས་བྱས་ཏེ། འཆར་འགོད་མ་ལག་སྔར་བས་འཐུས་ཚང་དང་འཆར་འགོད་ལག་བསྟར་སྔར་བས་ནུས་ལྡན། བར་སྟོང་བཀོད་སྒྲིག་སྔར་བས་གོ་རིམ་ལྡན་པ་བྱ་དགོས།།

( བདེ་སྐྱིད་དང་ཀུན་དགས་བསྒྱུར།)