( པར་ངོས་དང་པོར་མཐུད།)ཧུར་སྒྲུབ་འཕྲལ་གཉེར་བཅས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་འཛུགས་པའི་ལོའི་དམིགས་འབེན་ལས་འགན་ཁག་ལེགས་འགྲུབ་ཡོང་བར་ཤུགས་ཡོད་རྒུས་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཚོགས་འདུར་བསྟན་དོན། ད་ལོ་ནས་བཟུང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཁབ་དང་ཞིང་ཆེན་གྱི་འཕར་ཚད་སྲིད་ཇུས་དོན་ལ་འཁྱོལ་བ་དང་། ལས་གཞི་འཛུགས་སྐྲུན་གྱི་ལས་ཡུལ་དང་པོར་འགག་སྒྲོལ་ལས་དོན་མཐར་ཕྱིན་སྤེལ་བ།“འཕྲལ་སྒྲུབ་དཔེ་སྟོན”ལམ་སྲོལ་གསར་སྐྲུན་བྱས་ནས་བཙུགས་པས། དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ལེགས་འཕེལ་བྱུང་ཡོད། ཡིན་ནའང་སྔར་བཞིན་ཞན་ཆ་དང་མི་འདང་ས་ཡོད་པ་རེད།
ཚོགས་འདུར་རྫོང(གྲོང་ཁྱེར)ཁག་དང་སྡེ་ཚན་ཁག་གིས་ཁུལ་ཨུའི“སྒྲུབ་པ་བཞིའི”བླང་བྱ་དོན་ལ་འཁྱོལ་ཏེ། “ལས་གཞི་གཙོ་བོར་འཛིན་པའི”འདུ་ཤེས་རྒྱུན་འཁྱོངས་ཤིང་། ལས་གཞི་འཛུགས་སྐྲུན་ལ་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྣེ་ཁྲིད་བྱ་དགོས། གཅིག་ནས་མྱུར་ཚད་བརྩོན་ལེན་དང་མ་དངུལ་འཇོག་རྒྱ་ཆེ་རུ་གཏང་དགོས་པ་དང་། གཉིས་ནས་ཚོང་འགུགས་མ་འདྲེན་ལ་དམ་འཛིན་དང་རྗེས་ཤུགས་ཆེ་རུ་གཏང་དགོས། གསུམ་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགག་གནད་གཏོར་དགོས། བཞི་ནས་ཁོར་ཡུག་ལེགས་སུ་གཏོང་བ་དང་མཐིལ་ཚད་བསྲུང་དགོས། ལྔ་ནས་དུས་འགོར་དམ་འཛིན་དང་འགོ་འཛུགས་པར་བསྐུལ་དགོས། དྲུག་ནས་འགན་འཁྲི་ནན་དུ་གཏོང་བ་དང་དོན་ལ་འཁྱོལ་ཤུགས་ཆེ་རུ་གཏང་དགོས་ཞེས་ནན་པོར་བསྟན་པ་རེད།
ཚོགས་འདུར། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་རྫོང(གྲོང་ཁྱེར)གིས་གཏམ་བཤད་སྤེལ་རེས་བྱས་པ་རེད།། ( བདེ་སྐྱིད་དང་ཀུན་དགས་བསྒྱུར།)
