国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

མི་བརྒྱ་ལྷག་གིས་ཤུགས་མཉམ་བཏོན་གྱིས“འགོག་སྲུང་མཐིལ་ཚད་གཉིས”བརྟན་པོར་བསྲུངས།

བརྒྱད་ཟིལ་རྫོང་མུ་བར་ཡུལ་ཤོག་གིས“མཐའ་འཁོར་ལྔ་དང་ཉེ་འགྲམ་ལྔའི”གཙང་སེལ་བྱེད་སྒོ་སྤེལ།

ཉེ་ཆར། བརྒྱད་ཟིལ་རྫོང་མུ་བར་ཡུལ་ཤོག་གིས་ནགས་རྩྭའི་མེ་ཟོན་མེ་གསོད་ཀྱི“མཐའ་འཁོར་ལྔ་དང་ཉེ་འགྲམ་ལྔའི”འབར་སླ་བའི་དངོས་པོ་གཅིག་བསྡུས་གཙང་སེལ་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་དུས་མཉམ་དུ། ཁོངས་གཏོགས་ཁུལ་གྱི་ལམ་ངོས་ཀྱི་མངོན་མེད་རྐྱེན་ངན་གཙང་སེལ་དང་། སྐྱེ་ཁམས་ཉེན་མེད་དང་འགྲོ་ལམ་བདེ་བགྲོད་ཉེན་མེད་ཀྱི་མཐིལ་ཚད་བརྟན་པོར་བསྲུངས་པ་རེད།

ད་ཐེངས་ཀྱི་བྱ་འགུལ་ཁྲོད་ཡུལ་ཤོག་གི་ལས་བྱེད་པ་དང་། གྲོང་སྡེའི་ལས་བྱེད་པ། ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་བ། ཏང་མི་བཅས་ཁྱོན་བསྡོམས་མི100ལྷག་བསྡུས་པ་དང་། ས་རྐོ་འཁོར་གཅིག་སྤྱད་དེ་འཕྲུལ་ཆས་ཀྱིས་ལས་ཀ་བྱེད་པ་དང་མི་ཐབས་ལ་བརྟེན་ནས་གཙང་སེལ་བྱེད་ཐབས་བརྒྱུད་དེ། སྤྱི་ལེ15ཡི་ཡུལ་ཤོག་གཞུང་ལམ་འགྲམ་རྒྱུད་ཀྱི་མུའུ120ཡི་གཙོ་གནད་ས་ཁོངས་སུ་གཅིག་བསྡུས་བཅོས་སྒྲིག་བྱས་ཡོད། གཙོ་བོར་འགྲོ་ལམ་གཡས་གཡོན་གྱི་ཡལ་ག་དང་། རྩྭ་སྙིགས། འཁྲི་ཤིང་སོགས་འབར་སླ་བའི་དངོས་པོ་གཙང་སེལ་བྱས་པ་དང་། མེ་ཟོན་བཀར་ཁུལ་བསྐྲུན་ནས་མེ་སྐྱོན་གྱི་ཉེན་ཁ་མེད་པར་བཟོས་པ། འཕྲུལ་ཆས་ལ་བརྟེན་ནས་ཆེད་ལས་ཅན་གྱིས་འགྲོ་ལམ་ཤར་གཏོང་གི་ལས་དོན་སྤེལ་ནས་གད་ཁའི་ལྷུང་ཉེན་ཡོད་པའི་རྡོ་དང་། ལམ་ངོས་ཀྱི་དུང་གཤོང་། ཆུ་འཁྱིལ་བའི་གནད་དོན་བཅས་རེ་རེ་བཞིན་ཐག་བཅད་བྱས་ནས་འགྲོ་ལམ་བདེར་བགྲོད་ཉེན་མེད་དང་། ཤར་གཏོང་ནུས་པ། གནོད་བསྙུང་གནོད་སེལ་བཅས་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད། དུས་མཉམ་དུ་ལམ་རྒྱུད་ཀྱི་མང་ཚོགས་ལ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་སྐོར་གྱི་སྲིད་ཇུས་བསྒྲགས་པ་དང་། ཕྱི་རོལ་དུ་མེ་སྤྱོད་པའི་དོ་དམ་གཏན་འབེབས་དང་མེ་སྐྱོན་སྙན་སེང་ཐག་གཅོད་བརྒྱུད་རིམ་སྒྲོག་འགྲེལ་བྱས་པ། མང་ཚོགས་ཀྱིས་རང་རྟོགས་ངང་མེ་ཁུངས་དོ་དམ་ཚོད་འཛིན་བྱ་རྒྱུར་ཁྲིད་སྟོན་བྱས་པ། རང་འགུལ་ངང་ཁང་པའི་རྒྱབ་མདུན་གྱི་འབར་སླ་བའི་དངོས་པོ་གཙང་སེལ་བྱས་པ་བཅས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད།

རྗེས་མར། ཧུང་པ་ཡུལ་ཤོག་གིས་མེ་ཉེན་ཆེ་བའི་འགག་རྩའི་དུས་མཚམས་གཙོ་བོར་བཟུང་སྟེ། ནགས་ཚལ་དང་རྩྭ་ཐང་དོ་དམ་སྲུང་སྐྱོང་གི་འགན་འཁྲི་གཏན་ལ་འབེབས་པ་དང་། རྒྱུན་གཏན་གྱི་སྐོར་སྲུང་སྐོར་ཞིབ་རྒྱུན་མི་ཆད་པ། ཕྱི་རོལ་གྱི་མེ་ཁུངས་དོ་དམ་ཚོད་འཛིན་ནན་པོ་བཅས་བྱ་རྒྱུ་དང་། མུ་མཐུད་དེ་འགྲོ་ལམ་གྱི་མངོན་མེད་རྐྱེན་ངན་ཚགས་བཤེར་བཅོས་སྒྲིག་ནན་ཏན་བྱ་རྒྱུ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཆ་ཚང་བ་ཆགས་པའི་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་དང་འགྲོ་ལམ་དུ་ཉེན་ཁའི་དོན་རྐྱེན་མི་འབྱུང་བའི་མཐིལ་ཚད་བརྟན་པོ་བསྲུང་རྒྱུ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)