国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

དཀར་མཛེས་ཁུལ་གྱི་སྒོ་འགྲམ་གསར་བརྗེའི་རྗེས་ཤུལ་ལས་དམར་དམག་རྒྱང་སྐྱོད་ལོ་རྒྱུས་བསྐྱར་དུ་དྲན།

དམར་དམག་འབུམ་ཤོག་དྲུག་པའི་འབུམ་དཔོན་ཞའོ་ཁེ་ཡིས་ཕྱག་ཕྲེང་བསམ་འཕེལ་དགོན་ལ་གནང་བའི་གཟེངས་དར། བསམ་འཕེལ་གླིང་དགོན་གྱིས་དམར་དམག་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་ཆེད་ཞའོ་ཁེ་ཡིས་དགོན་པ་ལ་མཐའ་དམངས་ལ་རོགས་སྐྱོར་བྱེད། རང་ཚུགས་བཅིངས་འགྲོལ་གཏོང་ཞེས་བྲིས་ཡོད་པའི་གཟེངས་དར་ཞིག་གནང་བ་རེད།

དམར་དམག་འབུམ་ཤོག་དྲུག་པས་སྤྲད་པའི་བོད་མི་འགྲོ་སྐྱོད་ལག་ཁྱེར། དམར་དམག་འབུམ་ཤོག་དྲུག་པ་ཕྱག་ཕྲེང་དུ་སླེབས་རྗེས། ཕྱག་ཕྲེང་གི་ཡུལ་ཤོག་དང་གྲོང་སྡེ་ཁག་གི་མང་ཚོགས་ཀྱིས་འབྲུ་རིགས་བསམ་འཕེལ་གླིང་དུ་ཁུར་ཡོང་ནས་དམར་དམག་ལ་རྒྱབ་སྐྱོར་བྱས། དགོན་པ་ནས་བར་ཐག་ལེ་དབར80ཡོད་པའི་ཐང་རྟེན་དང་སྡེ་དགོན་སོགས་མང་ཚོགས་ཀྱིས་ཀྱང་དཀའ་ངལ་མ་འཛེམས་ནས་རྐང་ལམ་ཕྲ་མོ་བརྒྱུད་དེ་བཟའ་འབྲུ་དང་ཕག་ཤ། ཟོག་ཤ་བཅས་དགོན་པར་འདྲེན་ནས་དམར་དམག་ལ་རྒྱབ་སྐྱོར་བྱས། དེར་བརྟེན། དམར་དམག་གིས་འབྲུ་སྐྱེལ་མང་ཚོགས་ལ་ཆེད་དུ་བོད་མི་འགྲོ་སྐྱོད་ལག་ཁྱེར་སྤྲད་པ་རེད།

འདབ་པ་རྫོང་མཁར། 1936ལོའི་ཟླ་བ5པའི་ཚེས22ཉིན་ལ། དམར་དམག་འབུམ་ཤོག་དྲུག་པ་འདབ་པ་རྫོང་དུ་བསླེབས། དམར་དམག་འབུམ་ཤོག32པ་ལི་ཧྭ(ད་ལྟའི་ལི་ཐང)ཡི་འཇའ་བ་རུ་སྒུག་བཞིན་ཡོད་པའི་གནས་ཚུལ་ཤེས་པས་དེ་མུར་གླིང་མཁར་གཤིས་འགྲོ་རྒྱུའི་འཆར་གཞི་བསྒྱུར་ནས་ཚེས30ཉིན་ལ་འདབ་པ་རྫོང་ནས་ཐོན་པ་རེད།

འདབ་པ་རྫོང་དུ་ཡོད་པའི་དམར་དམག་གི་དམག་སྒར་བརྒྱབ་ས་རྙིང་པ། འདབ་པ་རྫོང་བྲག་ཚང་གྲོང་སྡེར་ཡོད། 1936ལོའི་ཟླ་བ5པའི་ཚེས22ཉིན་ལ། དམར་དམག་འབུམ་ཤོག་དྲུག་པའི་བཀོད་འདོམས་ལས་ཁུངས་འདབ་པ་རྫོང་བྲག་ཚང་གྲོང་སྡེར་བཅའ་སྡོད་བྱས།

འདབ་པ་རྫོང་གི་བྱང་བརྟན་དགོན། འདབ་པ་རྫོང་བྲག་ཚང་གྲོང་སྡེར་ཡོད། དམར་དམག་འབུམ་ཤོག་དྲུག་པ་བྲག་ཚང་གྲོང་སྡེར་བཅའ་སྡོད་བྱས་རྗེས། འབུམ་ཤོག་གི་མགོ་ཁྲིད་པས་བྱང་བརྟན་དགོན་པར་འབྲེལ་བ་བྱས་ཡོད། བྱང་བརྟན་དགོན་པས་ཟབ་ནན་སྒོས་གྲོས་ཚོགས་འཚོགས་རྗེས་དམར་དམག་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐག་བཅད་དེ། སྔོན་རྗེས་སུ་འབྲུ་རིགས་ཁལ་རྒྱབ200(རྒྱབ་ཡ་རེ་ལ་རྒྱ་མ120ཡོད)དང་ཁལ་ཟོག་མགོ་གྲངས40དམར་དམག་ལ་རྒྱབ་སྐྱོར་བྱས་ཡོད། དམར་དམག་གིས་དགོན་པ་ལ་མེ་མདའ་བདུན་བརྒྱད་ཕུལ་བ་དང་རྗེས་སུ་སྐྱིན་པ་འཇལ་རྒྱུའི་གསལ་བཤད་ཡི་གེ་ཞིག་བྲིས་ནས་བཞག་པ་རེད།

སྡེ་རོང་རྫོང་། སྤྱི་ལོ1936ལོའི་ཟླ་བ5པའི་ཚེས5ཉིན་ལ། དམར་དམག་འབུམ་ཤོག་གཉིས་པ་རྒྱལ་དམ་ནས་ཐོན་ཏེ། བྲག་ནག་ལ་ཁ་བརྒལ་ནས་ཨ་ཁྲིམས་མགོ་པའི་དྲག་ཆས་རྒོལ་རྡུང་ཕམ་ཉེས་སུ་བཏང་སྟེ། ཚེས10ཉིན་ལ་སྡེ་རོང་དུ་བསླེབས་པ་རེད།

སྡེ་རོང་རྫོང་བྲག་ནག་ལ་ཁའི་དམར་དམག་གི་འཐབ་འཛིང་རྗེས་ཤུལ། སྡེ་རོང་རྫོང་རྩེ་གན་ཡུལ་ཤོག་ཏུ་ཡོད། 1936ལོའི་ཟླ་བ5པའི་ཚེས8ཉིན་ལ། དམར་དམར་འབུམ་ཤོག་གཉིས་པའི་ཁྲི་ཤོག4པའི་སྔོན་སྐྱོད་དམག་དཔུང་སི་ཁྲོན་དང་ཡུན་ནན་ས་མཚམས་ཀྱི་བྲག་ནག་ལ་ཁར་བསླེབས་པ་དང་། སྡེ་རོང་རྒྱལ་པོ་ཨ་ཁྲིམས་ཆོས་རྒྱལ་གྱིས་དྲག་ཆས་འཇབ་རྒོལ་བྱས་པ་དང་འཕྲད་ཅིང་། དམར་དམག་འཐབ་འཛིང་པ3དེ་གར་ཚེ་ལས་འདས་ཤིང་། ཁྲི་ཤོག4པས་ཕས་རྒོལ་བྱས་ཏེ་ཨ་ཁྲིམས་ཆོས་རྒྱལ་དེ་ས་ནས་བསད་པ་རེད།།

( སྐལ་ཐུབ་ཀྱིས་བསྒྱུར།)